དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཁྲེང་ཡུང་ཆི་ཁོངས་གཏོགས་ཀྱི་ཆེད་དོན་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་པ།

སྤེལ་དུས 2020-12-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉེ་ཆར། ཁོངས་གཏོགས་ཀྱི་ཆེད་དོན་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལས་དོན་གྱི་གནས་ཚུལ་སྤེལ་རེས་དང་གནད་དོན་ཐག་གཅོད་བྱ་རྒྱུར་ཞིབ་འཇུག་བྱས་པ་དང་འབྲེལ་ལས་འགན་བཀོད་སྒྲིག་ཀྱང་བྱས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེང་ཡུང་ཆི་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།
          ཁྲེང་ཡུང་ཆིས་རྒྱ་ཆེའི་ཁོངས་གཏོགས་ཀྱི་ཆེད་དོན་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་ནི་བོད་བཅོས་སྐྱོང་དང་། བོད་བརྟན་ལྷིང་། བོད་དར་རྒྱས་བཅས་ཡོང་བའི་ཤེས་ལྡན་མི་སྣའི་ཐོན་ཁུངས་རྩ་ཆེན་ཞིག་ཡིན་པས། རྩ་འཛུགས་སྡེ་ཚན་གྱིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ས་གནས་ཁག་གིས་གཏོགས་ཁོངས་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་དང་ལས་རིགས་ཁོངས་གཏོགས་ཁག་གིས་བྱེད་པོའི་འགན་འཁྲི་གཙང་སྒྲུབ་བྱེད་པའི་ཁར་དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་དུ་འབྲེལ་རྒྱུ་མཐའ་འཁྱོངས་བྱས་ཏེ། འབྲེལ་གཏུག་དང་། ཞབས་ཞུ། དོ་དམ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གླ་ཕོགས་ཀྱི་ཐོབ་ཆ་དང་། ཆེད་ལས་ཀྱི་གོ་མིང་དཔྱད་འདེམས། བུ་ཕྲུག་སློབ་གྲྭར་གཏོང་བ། གཟུགས་པོར་བརྟག་དཔྱད་སོགས་ཕྱོགས་ཁག་གི་སྲིད་ཇུས་དོན་འཁྱོལ་དང་ཁོངས་གཏོགས་ཀྱི་ཆེད་དོན་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་གཟུགས་པོ་ཡག་པོ་དང་། སློབ་སྦྱོང་ཡག་པོ། ལས་དོན་ཡག་པོ། དོ་དམ་ཡག་པོ་བཅས་ཡོང་བར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།