ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

རྒྱལ་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

ཀྲང་ཀུང་དང་ཆེ་དགྲ་ལྷས་གསུང་བཤད་གནང་བ།

སྤེལ་དུས 2021-09-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། བོད་ལྗོངས་སུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱ་ཆེད། ཚེས་9ཉིན་རྒྱལ་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད།
            ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཀྲང་ཀུང་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གསུང་བཤད་གནང་བ་དང་། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཐང་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། 
            བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་གིས་གཙོ་སྐྱོང་གནང་བ་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཐེན་ཀང་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་རའོ་ཙི་ཧོ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཀྲུང་གོ་སྨན་པའི་མཐུན་ཚོགས་སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག་གི་སྨན་པའི་ཡན་ལག་ཚོགས་པའི་ཚོགས་གཙོ་ཀེ་ཅུན་པོ་བཅས་ཞུགས་པ། འཛམ་གླིང་གི་ཕྱི་ཁོངས་ཀྲུང་གོ་བའི་ཁྲག་རྩའི་སྨན་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཨེ་ཤེ་ཡའི་སྙིང་ཁམས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧོ་ཡུང་གིས་འོས་འགན་སྨན་བཅོས་བྱེད་སྒོའི་རིགས་གཅིག་མཁས་ཅན་གྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་བ་རེད།
            པཎ་ཆེན་རིན་པོ་ཆེས་ཤིས་ཚིག་གསུང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ང་ཚོས“བོད་ལྗོངས་ཀྱི་མི་ཚང་མ་བདེ་ཐང་ཡོང་བར་བྱེད་པའི”སྤྱི་ཕན་རྣམ་གྲངས་གཉེར་བའི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་བཅངས་པའི་དྲིན་ཚོར་གྱི་བསམ་པ་དེ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི”གསོན་ཉམས་ལྡན་པའི་ལག་ལེན་ལ་བསྒྱུར་བ་བྱས་ནས། བོད་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་ཕུགས་ཕན་ཅན་གྱི་བརྟག་དཔྱད་དང་ཆེད་ལས་ཅན་གྱི་ནད་བརྟག་སྨན་བཅོས་བྱེད་པ་བརྒྱུད། ས་མཐོའི་ནད་རིགས་གྲལ་བཤེར་དྲ་སྦྲེལ་གྱི་འདེགས་སྐྱོར་གྲངས་འཛིན་ཅན་གྱི་ལས་སྟེགས་དང་སྙིང་ཁམས་ཁྲག་རྩའི་ནད་བརྟག་སྨན་བཅོས་རྟེན་གཞི་ཧུར་ཐག་སྐྲུན་པ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་སྐོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་ཆེད་སེམས་ནུས་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད།
            པཎ་ཆེན་མཆོག་གིས་གསུངས་དོན། བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ཏེ། “གཅེས་སེམས་བརྒྱུད་སྤྲོད་བྱེད་མཁན”གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་བས་མང་བ་བོད་ཀྱི་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ནང་ཞུགས་རྒྱུར་སྐུལ་ཁྲིད་ཧུར་ཐག་བྱེད་པ། “བོད་ཀྱི་མི་ཚང་མ་བདེ་ཐང་ཡོང་བའི”སྤྱི་ཕན་བྱེད་སྒོའི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་སྲོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ས་ཁུལ་དང་གྲོང་ཁྱེར་དེ་བས་མང་བར་ཁྱབ་པ་དང་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པ་བཅས་བྱས་ནས། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་འཕེལ་རྒྱས་ཡོང་ཆེད་དེ་བས་མང་བའི་གཅེས་སེམས་དང་དེ་བས་ཆེ་བའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།
            ཤེས་རྟོགས་བྱུང་བར་གཞིགས་ན། “བོད་ཀྱི་མི་ཚང་མ་བདེ་ཐང་ཡོང་བའི”སྤྱི་ཕན་རྣམ་གྲངས་ཀྱིས་བོད་ཀྱི་ཞིང་འབྲོག་པ་དང་ལས་བྱེད་པ་དང་མང་ཚོགས་ཁྲོད་ས་བབ་རང་བཞིན་གྱི་སྙིང་ཁམས་ཁྲག་རྩའི་ནད་ཀྱི་ཆེད་ཚན་བདེ་ཐང་བརྟག་དཔྱད་བྱ་རྒྱུ་དང་ཆབས་ཅིག་གཞིས་རྩེའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་བརྟག་དཔྱད་དང་སྨན་བཅོས་གཞན་སྒྱུར་ལ་དུས་ཡུན་རིང་པོའི་སྤྱི་ཕན་རོགས་སྐྱོར་བྱས་ནས། བོད་ལྗོངས་ཀྱི་ས་བབ་མཐོ་བའི་ས་ཁུལ་གྱི་བདེ་ཐང་སྨན་བཅོས་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་རམ་འདེགས་བྱེད་རྒྱུ་རེད། རྒྱལ་ཁབ་ཀྱི་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་བོད་ལྗོངས་སུ་བསྐྱོད་དེ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་དེ་ཀྲུང་གོ་ཚན་རིག་ཁང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཡོན་ཧྲི་དང་རྒྱལ་ནང་གི་གྲགས་ཅན་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་རིག་ཚན་ཁག་གི་རིགས་གཅིག་མཁས་ཅན་47ལས་གྲུབ་པའི་ཚོགས་པ་དང་དེ་བཞིན་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་དང་། ཀྲུང་ལུགས་གསོ་རིག་གི་ཤིན་ཁྲེང་སྨན་པའི་ཚོགས་པ། “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”སྒྲིག་འཛུགས་ཨུ་ལྷན་གྱི་སྨན་དོན་མི་སྣ་དང་དང་བླངས་པ་བཅས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དང་། གཞིས་རྩེ་གྲོང་ཁྱེར་གཙང་ཁང་སྨན་ཁང་། རྣམ་གླིང་རྫོང་མི་དམངས་སྨན་ཁང་། བསམ་གྲུབ་རྩེ་ཆུས་ལྷན་ཤང་དང་། གདོང་དཀར་ཤང་། རྒྱ་མཚོ་གཞུང་ཤང་། རྣམ་གླིང་རྫོང་གི་མདོ་བརྗོད་ཤང་དང་ཨེ་མ་ཤང་བཅས་སུ་བསྐྱོད་དེ་རིག་གཞུང་བགྲོ་གླེང་སྤེལ་རེས་དང་འོས་འགན་སྨན་བཅོས་ཞབས་ཞུ་སོགས་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།