ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

རྒྱལ་ཡོངས་ཞིང་ལས་དང་གྲོང་གསེབ་ཀྱི་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།

ཝུའུ་དབྱིང་ཅེ་དང་ཐང་རེན་ཅན་གྱིས་གསུང་བཤད་གནང་བ། ཡན་ཅིན་ཧའེ་ཕེབས་པ།

སྤེལ་དུས 2021-09-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

           ཉིན་ཤས་གོང་། རྒྱལ་ཡོངས་ཞིང་ལས་དང་གྲོང་གསེབ་ཀྱི་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུང་དབྱང་གྲོང་གསེབ་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་དང་། ཞིང་ལས་དང་གྲོང་གསེབ་པུའི་ཏང་ཙུའི་ཧྲུའུ་ཅི། པུའུ་ཀྲང་བཅས་ཡིན་པའི་ཐང་རེན་ཅན་གྱིས་གསུང་བཤད་གནང་ཞིང་། འདི་ནི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ། 
           ཉིན་ཤས་གོང་། རྒྱལ་ཡོངས་ཞིང་ལས་དང་གྲོང་གསེབ་ཀྱི་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུང་དབྱང་གྲོང་གསེབ་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་དང་། ཞིང་ལས་དང་གྲོང་གསེབ་པུའི་ཏང་ཙུའི་ཧྲུའུ་ཅི། པུའུ་ཀྲང་བཅས་ཡིན་པའི་ཐང་རེན་ཅན་གྱིས་གསུང་བཤད་གནང་བ་དང་། ཀྲུང་དབྱང་གྲོང་གསེབ་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཞིང་ལས་དང་གྲོང་གསེབ་པུའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། པུའུ་ཀྲང་གཞོན་པ་བཅས་ཡིན་པའི་ལིའུ་ཧོན་ཤིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། ཞིང་ལས་དང་གྲོང་གསེབ་པུའི་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན་ཝུའེ་པའེ་ཀང་དང་སྤྱི་ཁྱབ་ཞིང་ལས་ལག་རྩལ་མཁས་ཅན་ཙེང་ཡན་ཏེ། དེ་བཞིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་པད་མ་དབང་འདུས་དང་ལིའུ་ཅང་བཅས་ཚོགས་འདུར་ཕེབས་པ་རེད།
           ཝུའུ་དབྱིང་ཅེས་དང་ཐོག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཞིང་ལས་དང་གྲོང་གསེབ་པུའུ་དང་། རྒྱལ་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས། དེ་བཞིན་ཞིང་འབྲེལ་ཁེ་ལས་བཅས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ཞིང་ལས་དང་གྲོང་གསེབ་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
           ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞིང་ལས་དང་གྲོང་གསེབ་པུའུ་དང་རྒྱལ་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། བོད་ལྗོངས་ཀྱི་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྲིད་ཇུས་ཀྱི་རོགས་སྐྱོར་དང་། རྣམ་གྲངས་ཀྱི་མ་དངུལ། ཚན་རྩལ་ཤེས་ལྡན་པ་སོགས་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ང་ཚོས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་བྱེད་པ་ཁག་ཐེངས་མང་པོས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་ལས་བཟོ་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་དང་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལག་ལེན་བསྟར་ཡོད་ཅེས་གསུངས་པ་རེད།
           ཝུའུ་དབྱིང་ཅེས་བོད་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ལས་དོན་ནི་དཔལ་འབྱོར་ལས་དོན་དང་དམངས་འཚོའི་ལས་དོན་ཞིག་ཡིན་ལ་ཆབ་སྲིད་ལས་དོན་ཞིག་ཀྱང་ཡིན་པས། མི་རིགས་ཁག་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུ་དང་འབྲེལ་བ་ཡོད་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དང་དེ་བས་འབྲེལ་བ་ཡོད་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་ཀྱི་བདེ་སྐྱིད་བཅས་དང་ཡང་འབྲེལ་བ་ཡོད་པས་ངེས་པར་དུ་བརྒྱུད་རིམ་ལྡན་པའི་སྒོ་ནས“ཞིང་གསུམ”གནད་དོན་ལ་དམིགས་དགོས། ཞིང་ལས་དང་གྲོང་གསེབ་པུས་བོད་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ལས་དོན་ལ་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་ང་ཚོར་གཟན་རྩྭ་འདེབས་རྒྱུ་འཚམ་སར་སྤུས་ལེགས་གཟན་རྩྭ་འདེབས་འཛུགས་དང་། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་རྗེས་ཀྱི་སྔར་ཡོད་ས་ཆ་དང་རྩྭ་ར་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་དར་རྒྱས་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་མཛུབ་ཁྲིད་དང་རོགས་རམ་བྱ་རྒྱུའི་རེ་བ་ཡོད། བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་ཞིང་ལས་དང་གྲོང་གསེབ་དང་། གྲོང་གསེབ་དར་རྒྱས་སྡེ་ཚན་གྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་རོགས་སྐྱོར་ཐོབ་པའི་ལས་དོན་ཁག་ཏན་ཏིག་ངང་སྒྲུབ་པ་དང་། བོད་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་ནས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།
           ཐང་རེན་ཅན་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཞིང་ལས་དང་གྲོང་གསེབ་ཀྱི་བོད་སྐྱོར་ལས་དོན་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་གཞིགས་པ། འཇོན་ཐང་ཆེར་གཏོང་དང་གསོན་ཤུགས་འཕེལ་བའི་འགག་གནད་གཉིས་ལ་དམིཌ་པ། དགོས་མཁོའི་སྟོན་ཕྱོཌ་ལ་གཞིཌ་ཏེ་སྲིད་ཇུས་གནད་སྨིན་ཇུས་བསྟར་བྱེད་པ། རིག་ནུས་བོད་སྐྱོར་དང་། ཐོན་ལས་བོད་སྐྱོར། སྒྱུར་བཅོས་བོད་སྐྱོར་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཤེས་ལྡན་པ་འདྲེན་འགུགས་གསོ་སྐྱོང་དང་། སྒྲིག་བཀོད་འཛུགས་སྐྲུན། ཐོན་ལས་གོང་འཕེལ། ལམ་ལུགས་གསར་གཏོད། སྐྱེ་ཁམས་སྲུང་སྐྱོང་། མཐའ་དར་དམངས་ཕྱུག་བཅས་ཀྱི་དོན་ཆེན་དྲུག་ལ་དམ་འཛིན་ཡག་པོ་བྱེད་པ། བོད་ཀྱི་ཞིང་འབྲོག་ལས་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བ་དང་། ཞིང་འབྲོག་ཁུལ་སྡོད་མལ་དང་ལས་ཀར་འཚམ་པ། ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་བཅས་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་རྒྱུ་ཡིན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་པུའུ་དང་ཞིང་ཆེན་གྱིས་མཉམ་དུ་དམ་འཛིན་དང་ཁོངས་གཏོགས་ཀྱིས་མཉམ་དུ་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཞིང་ལས་དང་གྲོང་གསེབ་ཀྱི་བོད་སྐྱོར་ལས་དོན་གྱི་མཉམ་ཤུགས་ཆགས་པར་བྱེད་དགོས། རྩེ་རིམ་ཇུས་འགོད་ལ་དམ་འཛིན་ཡག་པོ་བྱས་ནས་ཚན་རིག་དང་མཐུན་པའི་ངང་བོད་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་དང་ཐོན་ལས་དར་རྒྱས་གཏོང་བའི་འཆར་འགོད་བཟོས་ཏེ་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་དང་། ལས་འགན། དམ་འཛིན་བྱ་གཞི་སོགས་ཞིབ་ཚགས་སུ་གཏོང་བ་དང་། བོད་ཀྱི་འདེབས་འཛུགས་ལས་རིགས་མཐོར་གཏོང་དང་། ཐོན་ལས་འཕེལ་རྒྱས། ཚན་རྩལ་འདེགས་སྐྱོར་སོགས་སྲིད་ཇུས་ཀྱི་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་རྩའི་མ་དངུལ་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་དུ་ཞུགས་པར་སྐུལ་སློང་། དངོས་དངོས་རྗེན་རྗེན་གྱི་རོགས་སྐྱོར་བྱེད་ཐབས་ལ་བརྟེན་ནས་བོད་སྐྱོར་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ཀྱི་ས་ཁུལ་དང་། གྲོང་ཁྱེར། རྫོང་། ཤང་བཅས་ཁག་གཅིག་གིས་ལོ་ལྔ་ཚན་གསུམ་གྱི་འཆར་འགོད་དུས་ཚོད་བརྒྱུད་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་ས་ཁུལ་ཁྲོད་སྔོན་ལ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་ཐུབ་པའི་བརྩོན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
           ཚོགས་འདུའི་ཐོག བོད་ལྗོངས་དང་། ཐེན་ཅིན། ཧུའུ་པེ་བཅས་ཀྱི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་དང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཞིང་ལས་ཐོན་རྫས་ལས་སྣོན་སུའོ། རྒྱལ་ཡོངས་འབྲོག་ལས་སྤྱི་ཁྱབ་ས་ཚིགས་བཅས་དང་ལྷ་ས་དང་ཉིང་ཁྲིའི་འབྲེལ་ཡོད་འགན་འཁུར་བས་སྤེལ་རེས་གཏམ་བཤད་སྤེལ་བ་རེད། ཧྲོའུ་ནུང་བཟའ་བཅའ་ཚོགས་པ་སོགས་ཁེ་ལས་10ཡིས་རང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་དང་ཁེ་ལས་དང་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་། ནས་ལས་སྣོན་དང་བྲིན་ཚོང་དང་། བོད་ཕག་དང་བོད་བྱ་གསོ་ཚགས། གཟན་རྩྭ་འདེབས་འཛུགས། གྲོང་གསེབ་ཡུལ་སྐོར་སོགས་རྣམ་གྲངས་དང་འབྲེལ་བ་ཡོད་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།