དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > རོགས་སྐྱོར་མཐུན་ཚོགས།

བློ་གྲོས་དང་དཀའ་སྤྱད་ཀྱི་རྔུལ་ཆུ་བོད་ཤར་རྒྱུད་ཀྱི་ས་གཞི་ཆེན་པོར་བཏོན་པ།

ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་ལས་དོན་སྐོར་བཀོད་པ།

སྤེལ་དུས 2020-12-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          2019ལོའི་ཟླ་7ཚེས་15ཉིན། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་བོད་སྐྱོར་ཤེས་ལྡན་ལས་བྱེད་པ་བོད་དུ་སྐྱོད་པའི་ལམ་ལ་བཞུད།
          ལོ་གཅིག་རིང་། ཁོ་ཚོས་ལྷག་བསམ་ཟོལ་མེད་ངང་ཆབ་མདོའི་དབུལ་སྒྲོལ་འགག་སྒྲོལ་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་བྱ་གཞག་ཁག་ལ་ཞུགས་ནས་གྲུབ་འབྲས་གཡུར་དུ་ཟ་བ་བཏོད་པ་རེད།
          “བསམ་པ”དང“བྱེད་པ”
          ཀྲང་ཀྲོའུ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཨར་པོ་བདེ་འཇགས་ལྟ་ཞིབ་ས་ཚིགས་ཀྱི་ལོ་32ལ་སླེབས་པའི་བཟོ་སྐྲུན་ཆེ་མོ་བ་ཝུའུ་ཝུན་པིའོ་ནི་སྔར་ནས་བོད་དུ་རོགས་སྐྱོར་ལ་འགྲོ་འདོད་བྱེད་མཁན་ཞིག་ཡིན་པ་དང་། 2019ལོའི་ཟླ་བདུན་པར་ཁོ་པར་གོ་སྐབས་དངོས་སུ་བྱུང་བ་རེད།
          ཝུའུ་ཝུན་པིའོ་ལ་བོད་སྐྱོར་དུ་འགྲོ་བའི་གོ་སྐབས་རག་པས་ཁོ་པ་དགའ་སྤྲོ་ཚད་མེད་བྱུང་མོད། ཡིན་ན་ཡང་ཁོ་པས་ལོ་100ལ་སླེབས་པའི་སྤོ་བོར་སེམས་ཁྲལ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། ཝུའུ་ཝུན་པིའོ་ཡི་ཕ་རྟག་ཏུ་ཕྱི་ཕྱོགས་སུ་ཚོང་རྒྱག་པར་འགྲོ་དགོས་སྟབས་སྤོ་བོར་ལྟ་རྟོག་བྱེད་མཁན་མེད་པས་རེད། འོན་ཀྱང་སྤོ་བོས“ཁྱོད་སོང་ཞིག འཕྲལ་མར་སོང་ཞིག ཕོ་ཁྱོ་ག་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ལ་འགྲོ་དགོས”ཞེས་ཝུའུ་ཝུན་པིའོ་ཡི་དཔུང་པར་གཞུ་ཙམ་བྱས་ནས་དེ་ལྟར་བཤད་པས་ཝུའུ་ཝུན་པིའོ་ཡི་སེམས་ཁྲལ་བསལ་བ་རེད།
          ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་བོད་སྐྱོར་རུ་མི་92(ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དགེ་རྒན་20ཚུད་པ)ཀྱིས་བརྩེ་བ་ཟབ་མོ་བཅངས་ནས་ཆབ་མདོར་ཁ་ཡོད་ལག་ཡོད་ཀྱི་ལས་དོན་བསྒྲུབས་ཤིང་། དེ་དག་ཁྲོད་ལོ་56ལ་སླེབས་པའི་རྒན་ཡོལ་ཞུས་ལ་ཉེ་བའི་དགེ་རྒན་ཡོད་ལ། ཆབ་མདོ་གྲོང་ཁྱེར་ལ་ཞིང་ལས་ཐོན་ཟོག་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་ཁང་སྐྲུན་རོགས་བྱེད་ཆེད་ལས་ཀ་བྱས་ནས་གཟའ་མཇུག་ལ་མ་གཏོགས་བོད་སྐྱོར་མི་སྣའི་སྡོད་ཁང་དུ་ལོག་མ་ཐུབ་པའི་ཞིང་ལས་ཚན་ཞིབ་མི་སྣའང་ཡོད།
          “རྙིང་པ”དང“གསར་པ”
          ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་བོད་ལ་རོགས་སྐྱོར་བྱེད་པའི་ཧྥུའུ་ཅན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སྣང་ཆེན་དང་། ལྷག་པར་དུ་བོད་སྐྱོར་ལས་དོན་རུ་ཁག་སྐབས་གོང་མའི་ལས་དོན་རྩིས་སྤྲོད་རྩིས་ལེན་ལ་མཐོང་ཆེན་བྱས་ཏེ་འཆར་གཞིའི་མཇུག་མཐའ་འཁྱོངས་བྱས་པ་རེད།
          འཆར་གཞི“རྙིང་པའི”རྨང་གཞིར་གཞིས་ཚུགས་ནས་གྲུབ་འབྲས“གསར་པ”བཏོད་པ། ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་ལ་མཚོན་ན། སྨན་ཁང་དེ་1988ལོར་བཙུགས་ཀྱང་། ལོ་རྒྱུས་ཀྱི་རྒྱུ་རྐྱེན་དབང་གིས་2014ལོར་བུད་མེད་དང་བུ་བཙའི་ཚན་ཁག་གི་ནད་ཁང་གི་ལས་སྒོ་མཚམས་བཞག་པ་རེད། 2017ལོ་ནས་བཟུང་ཧྥུའུ་ཅན་ཞིང་ཆེན་གྱིས་ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་སྐྲུན་རོགས་བྱས་པ་དང་། 2019ལོའི་ཟླ་བདུན་པར་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་སྨན་བཅོས་ཆེད་ལས་ཤེས་ལྡན་པ་12ཀྱིས་ཚོགས་སྒྲིག་རྣམ་པར་བརྟེན་ནས་ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་ལ་རོགས་སྐྱོར་བྱས་ཤིང་། ལོ་གཅིག་ལྷག་ཙམ་རིང་། སྨན་ཁང་གི་ཉལ་ཁང་འཛུགས་སྐྲུན་དང་། ཚན་པ་བཀོད་སྒྲིག ལམ་ལུགས་བཟོ་བ། སྨན་རྫས་དང་ཡོ་ཆས་ཉོ་སྒྲུབ་སོགས་ཀྱི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་མ་ཟད། བུད་མེད་དང་བུ་བཙའི་ཚན་ཁག་དང་། བྱིས་པའི་ཚན་ཁག མིག་ནད་ཚན་ཁག ཁ་སྦུག་ཚན་ཁག་སོགས་ཚན་ཁག་གི་ལས་སྒོའི་སྟོང་ཆ་རྒྱུན་ཆད་མེད་པར་བསྐངས་ཡོད།
          “མ་དངུལ”དང“བློ་རིག”
          ཉེ་བའི་ལོ་ཤས་རིང་། ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་གྱིས་བོད་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཧྥུའུ་ཅན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་ཆབ་མདོར་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་11.3བཏང་བའི་ནང་མང་ཆེ་བ་སྨན་བཅོས་དང་། སློབ་གསོ་སོགས་དམངས་འཚོའི་ཁྱབ་ཁོངས་སུ་སྤྱད་ཡོད། འདི་ལོའི་ལོ་སྟོད་དུ་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་གསེར་སྨུག་གཏེར་ལས་དང་བོད་ལྗོངས་འབྲུག་ཆེན་ཟངས་ལས་ཚོགས་པའི་དབར་གྱི་སྒོར་དུང་ཕྱུར་38.83ཟིན་པའི་མ་རྐང་དབང་ཆ་ནང་བཤུག་གི་གྲོས་མཐུན་ལ་གཞོགས་འདེགས་བྱས་པ་རེད།
          ཧྥུའུ་ཅན་ཞིང་ཆེན་གྱིས་རོགས་སྐྱོར་བྱ་ཡུལ་གྱི་དགོས་མཁོར་གནད་སྨིན་སྦྲེལ་མཐུད་ཡག་པོ་བྱས་ནས“མཐའ་གཅིག་ཏུ་མི་གྱོང་པོ་འདེམས་པ་དང་། མི་མཐའ་གཅིག་ཏུ་འདེམས་པའི”རྩ་དོན་མཐའ་འཁྱོངས་བྱས་ཏེ། བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་ཁོངས་མི་ཧྲག་འདེམས་དང་གནད་ལ་འཁེལ་བ་བདམས་ནས་རིག་སྟོབས་བོད་སྐྱོར་ལ་ཤེས་ལྡན་པའི་རྨང་གཞི་བཏིང་ཞིང་། དེའི་ཁྲོད་ཀྱི་ཏང་སྲིད་ལས་བྱེད་པ་22ཚང་མ་གྲོང་ཁྱེར་དང་རྫོང་གི་ཚན་ཁག་གི་ཁོངས་མི་དང་གནས་ཡུལ་ཚན་པའི་རྐང་འཛིན་སྟོབས་ཤུགས་ཡིན་པ་དང་། ཆེད་ལས་ལག་རྩལ་ཤེས་ལྡན་པ་50དེ་དག་སློབ་གྲྭའི་སློབ་གསོ་དང་། མ་བུ་བདེ་སྲུང་། གྲངས་གཞི་ཆེན་པོ། ཞིང་འབྲོག་ཚན་རྩལ། ས་གཤིས་བརྟག་དཔྱད་ཚད་ལེན། ཁོར་ཡུག་བརྟག་དཔྱད་ཚད་ལེན། ལས་གྲྭའི་མ་གནས་ཚོད་འབེབས། འགྲིམ་འགྲུལ་སྐྱེལ་འདྲེན། མངོན་མིན་རིག་གནས་ཤུལ་བཞག གསར་འགྱུར་སྨྱན་སྦྱོར་སོགས་ཆབ་མདོའི་འཕེལ་རྒྱས་ལ་ཤིན་ཏུ་མཁོ་བའི་ཆེད་ལས་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་ཤ་སྟག་རེད།
          “སླད་ཕྱིན་གྱི་བོད་སྐྱོར་ལས་དོན་སྤེལ་རིང་། ང་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར‘ཧྥུའུ་ཅན་བོད་སྐྱོར’གྱི་སྤུས་རྟགས་ལ་གཟི་བྱིན་སྔར་བས་འཕྲོ་བར་བྱེད་ཀྱི་ཡིན”ཞེས་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་རུ་སྣེ་འཁྲིད་མཁན་དང་། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝུའེ་ཏུང་གིས་བཤད།
རྩོམ་སྒྲིག་པ། བདེ་སྒྲོལ།