ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།
འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གུང་གསེང་སྐབས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུའི་འགན་སྲུང་ཡག་པོར་སྒྲུབ་རྒྱུའི་བཀོད་སྒྲིག་བྱས་པ།
ད་ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་མཉམ་དུ་ཁེལ་ནས་སྤྱི་ཚོགས་ཡོངས་ཀྱི་མི་སྣ་འཁོར་སྐྱོད་བྱེད་ཚད་ཆེས་ཆེར་འཕར་རྒྱུ་ཡིན་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཉེ་ཆར་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བདེ་འཇགས་ཐོན་སྐྱེད་དང་། འགྲུལ་པའི་སྐྱེལ་འདྲེན་ཞབས་ཞུ། འགྲིམ་འགྲུལ་ཟོག་འགྲེམས་ཤར་གཏོང་ལ་འགན་ལེན་སོགས་ཀྱི་ལས་དོན་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས།
རྨ་ལྷོའི་ལྗོངས་ཁུལ་ཆེན་པོ་བཞིའི་ལམ་ཐིག་ལེགས་ཤོས་བཞི་བཏོན་ནས་རྒྱལ་སྟོན་ཟླ་མཆོད་སྐབས་སུ་འགྲུལ་བ་སྣེ་ལེན་བྱ་རྒྱུ་རེད།
ཟླ9པའི་ཚེས23ཉིན། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གཉིས་ཀྱི་སྔ་རོལ་ཏུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་ལྗོངས་ཁུལ་ཆེན་པོ་བཞི་དང་དམིགས་གཏད་རང་བཞིན་གྱི་ཡུལ་སྐོར་ལམ་ཐིག་བཞི་བཏོན་ནས། ས་གནས་སོ་སོའི་ཡུལ་སྐོར་བར་རྒྱུ་མང་ཅན་གྱི་འགྲོ་འོང་བདམས་གསེས་མཁོ་འདོན་བྱས།
མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཨུ་ལྷན་གྱིས་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་སྐབས་སུ་སྤྱོད་ཚུལ་སྒྲིག་ལམ་ཐད་ཀྱི་བླང་བྱ་འགྲེམ་སྤེལ་བྱས་པ་དང་བརྡ་སྦྱོར་བཏང་བ།
རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་ཐོན་ལ་ཉེ་སྐབས། སྔར་ལས་ལྷག་པར་སྤྱོད་ཚུལ་དང་སྒྲིག་ཁྲིམས་ནན་མོ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་སྟོབས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། སྒྲིག་ཁྲིམས་ནན་མོ་སྤྱོད་པའི་བརྡ་ཐོ་གཏོང་ཆེད། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བརྡ་ཐོ་འགྲེམ་སྤེལ་བྱས་ནས། དུས་ཆེན་སྐབས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་ཐད་བཀོད་སྒྲིག་བྱས།
རྒྱལ་སྟོན་དུས་ཆེན་ཐོན་ལ་ཉེ་བས་མཚོ་བོད་སྡེ་ཚོགས་ཀུང་སིས་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཇེ་མང་དུ་གཏོང་རྒྱུ་རེད།
རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་འགྲུལ་བ་ཕྱིར་སྐྱོད་ཀྱི་དགོས་མཁོ་སྐོང་ཆེད། མཚོ་བོད་སྡེ་ཚོགས་ཀུང་སིས་ཟི་ལིང་ནས་ཁྲེང་ཏུའུ་ནུབ་ཚིགས་དང་ཁྲུང་ཆིང་ནུབ་ཚིགས་སོགས་ཀྱི་ཕྱོགས་སུ་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཇེ་མང་གཏོང་རྩིས་ཡོད།
བོད་ལྗོངས་ཀྱི་རྩྭ་ཐང་སྐྱེ་ཁམས་བཅོས་སྐྱོང་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་ལ་ཕན་འབྲས་མངོན་གསལ་ཐོབ་པ།
ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་ཐད་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རྩྭ་ཐང་གཉེར་སྐྱོང་འགན་འཁྲིའི་ལམ་ལུགས་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱ་དགའ་དང་ཁ་གསབ་སྤྲོད་པའི་སྲིད་ཇུས། རྩྭ་ཐང་ཐོན་ཁུངས་ལ་ལྟ་སྐུལ། རང་བྱུང་རྩྭ་ཐང་གི་ཕྱུགས་བསྐྱུར་རྩྭ་གསོའི་ལས་གཞི་བཅས་ལག་བསྟར་བྱས་པ་བརྒྱུད། བོད་ལྗོངས་ཀྱི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
ཀོང་པོའི་ཞིང་འབྲོག་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་དོན་ནི་་་
ལོ30ཡི་རིང་། ཀོང་ཏུང་བོད་སྐྱོར་ལས་དོན་རུ་ཁག་གིས་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ལ་དམིགས་ཏེ། ལས་བྱེད་པ་དང་། རིགས་གཅིག་མཁས་ཅན། ལག་རྩལ་ཤེས་ལྡན་པ་བཅས་ཁག་དང་ཁག་བྱས་ཏེ་བོད་ཤར་ལྷོའི་ས་གཞི་ཆེན་པོར་འབད་འབུངས་བྱས་ནས་ཐོན་སྐྱེད་དང་། ལས་སྣོན། ཁྲོམ་ར་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཉིང་ཁྲི་གྲོང་ཁྱེར་གྱི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་ནང་སྐྱེས་སྒུལ་ཤུགས་སྐྱེད་སྲིང་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རམ་འདེགས་ནུས་ལྡན་བྱས་ཡོད།
​བོད་ལྗོངས་ནག་ཆུའི་རྫོང་གཉིས་ཀྱི་ཕྱུགས་ལས་འཕེལ་རྒྱས་མཐོང་ཐོས།
འོ་མའི་ཐོན་རྫས་འཕྲུལ་ཆས་སྣ་ཚོགས་ཀྱི་མདུན་དུ་ལས་དོན་མི་སྣ་འགའ་ཡིས་སྐྱེལ་འདྲེན་གནས་ཚུལ་ཐོ་འགོད་བྱེད་བཞིན་ཡོད་པ་དང་། ཚོད་ལྟ་ཁང་དུ་ལྟ་བཤེར་མི་སྣས་འོ་མའི་མ་དཔེ་ལ་ལྟ་བཤེར་བྱེད་བཞིན་ཡོད།
བོད་ལྗོངས་ཕྱིའི་ལས་ཞུགས་རྟེན་གཞི་ཁག30ལྷག་གིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་བཏང་བ།
གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པ་ལྟར་ན། བོད་ལྗོངས་ཀྱིས“ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིའི་ལས་ཞུགས་རྟེན་གཞི་ཁག30ལྷག་བསྐྲུན་པར་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད11.1%ཟིན་ཡོད།
མི་དམངས་མང་ཚོགས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་པ།
ཉེ་ཆར། རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཁ་ཆར་དྲག་པོ་བབས་པའི་གནམ་གཤིས་བསྟན་ནས་གློག་ཤུགས་མཁོ་སྤྲོད་དང་། འགྲིམ་འགྲུལ་སྐྱེལ་འདྲེན། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཅས་ལ་ཤུགས་རྐྱེན་ཆེ་ཙམ་བཟོས་ཡོད།
མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས།
གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་རྒྱལ་ཁའི་ངང་གྲོལ་བ་རེད།
མངའ་རིས་ཀྱིས“གཞི་རིམ་དུ་སྐྱོད་པ་བཞི”དར་སྤེལ་བཏང་ནས་མང་ཚོགས་ལམ་ཕྱོགས་ལག་ལེན་ཡག་པོ་བསྟར་བ།
མངའ་རིས་ས་ཁུལ་གྱིས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་ཧུར་ཐག་གིས“གཞི་རིམ་དུ་སྐྱོད་པ་བཞིའི”སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་།
2023ལོའི་ཅང་སུའུ་ཞིང་ཆེན་གྱི་ལས་ཞུགས་བོད་སྐྱོར་གདན་ཞུའི་ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོབ་པ།
འདི་ལོའི་ཟླ5པར། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ལས་ཀའི་དུས་བབ་དང་ཟུང་འབྲེལ་གྱིས་ཅང་སུའུ་ཞིང་ཆེན་སྲིད་གཞུང་ལ་ལས་ཞུགས་བོད་སྐྱོར་གྱི་ཕྱོགས་བཞིའི་ཐད་ཀྱི་རེ་ཞུ་བཏོན་པར་ཅང་སུའུ་ཞིང་ཆེན་སྲིད་གཞུང་གིས་འབྱོར་ལན་རེ་རེ་བཞིན་བསྐུར་ནས2023ལོའི་ཅང་སུའུ་ཞིང་ཆེན་གྱི་ལས་ཞུགས་བོད་སྐྱོར་གདན་ཞུའི་ལས་དོན་གསལ་པོ་བཟོས།
བོད་ལྗོངས་སུ་ཏང་ཡོན་གྱིས་མང་ཚོགས་ལ་ཞབས་ཞུ་གང་ལེགས་སྒྲུབ་པ།
སྒྲིག་བཀོད་ལུགས་མཐུན་དང་ནུས་བ་ཆ་ཚང་གི“སྐར་མ15”ཏང་འཛུགས་སྐྲུན་ཞབས་ཞུ་ཚོགས་པ་ཆགས་ནས་ཏང་ཡོན་གྱིས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་དོན་སྟེ“སེམས་ཁུར་ལྷག་མེད་དང་ཐུགས་ཁུར་གནང་བའི”ནུས་བ་འདོན་སྤེལ་གང་ལེགས་བྱས་པ་དང་། སྙིང་ཉེ་བའི་ཞབས་ཞུ་ཡིས་ཞབས་ཞུ་ས་ཚིགས་དེ་སྡོད་དམངས་ཚོའི་སྒོ་འགྲམ་གྱི“མཇལ་མོལ་ཁང”དུ་བཏོད།
བོད་ལྗོངས་འབྲོག་ཁུལ་དུ་གསང་སྤྱོད་བཅོས་བསྒྱུར་ལས་དོན་སྤེལ་ནས་མཛེས་པའི་ཁྱིམ་གཞིས་བསྐྲུན་པ།
ཧོར་རུ་གྲོང་ཚོ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དབུ་མ་ཐང་ཤང་དུ་གནས་པ་དང་། ཆ་སྙོམས་ས་བབ་སྨི4483ཟིན་པའི་ཕྱུགས་ལས་ཁོ་ན་གཉེར་བའི་གྲོང་ཚོ་ཞིག་ཡིན།
འབད་འཐབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ལེའུ་གསར་པ་བརྩམས།
ཉིན་ཤས་གོང་། ཆུ་བེད་པུའི་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཅུ་གཅིག་པ་ལྷ་སར་འཚོགས་ཤིང་། གྲངས་གཞི་མང་པོ་དང་བྱེད་ཐབས་མང་པོ་ནི་བོད་ཀྱི་ཆུ་བེད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱིན་པའི་གསོན་ཉམས་དོད་པའི་དཔེ་མཚོན་ཡིན།
ཆུ་བེད་པུའི་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཅུ་གཅིག་པ་འཚོགས་པ།
ཉེ་ཆར། ཆུ་བེད་པུའི་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཅུ་གཅིག་པ་ལྷ་སར་འཚོགས་ཤིང་། ཆུ་བེད་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ལི་གོ་དབྱིང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།
ཐོན་ལས་བོད་སྐྱོར་ལས་རྒྱ་ཚ་རྫོང་ལ་མ་དངུལ་སྒོར་དུང་ཕྱུར་16.4ནང་འདྲེན་ཐུབ་པ།
ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་འཚོགས་པ་རེད།
བོད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཁོངས་གཏོགས་ཀྱིས།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་པ་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས།
རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་གྲོང་གསེབ་ཀྱི་སློབ་མར་ཆུ་ཐབ་སྤྲད་པ།
ཟླ8པའི་ཚེས30ཉིན་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་དང་རྒྱལ་སྨན་ཤང་གི་སློབ་ཆུང་གཉིས་ལ་ཆུ་ཚགས་དང་ཆུ་ཐབ་སྤྲོད་པའི་མཛད་སྒོ་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་སློབ་ཆུང་དུ་འཚོགས་པ་རེད།
ཚན་རྩལ་བོད་སྐྱོར་གྱིས་རྒྱ་ཚའི་ལོ་ངོ་སྟོང་གི་སྟར་ཁའི་ཐོན་ཁུངས་ཐོན་ལས་ཅན་ལ་སྐུལ་འདེད་བཏང་བ།
བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་སྟར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ལོ་ངོ་སྟོང་ཡན་ཟིན་པའི་གནའ་བོའི་སྟར་སྡོང་ཁོ་ན500ལྷག་ཙམ་ཡོད།