དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

གཞིས་ཀ་རྩེ་གྲོང་ཁྱེར་གྱི་དངུལ་རྩའི་ལས་རིགས་ཀྱིས་གནད་འཕིགས་དབུལ་སྐྱོར་ལ་རྒྱབ་སྐྱོར་ཆེན་པོ་བྱས།

སྤེལ་དུས 2021-01-14 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          2016ལོར་དབུལ་ཐར་མཁྲེགས་གཏོར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པའི་རིང་ལ། མི་དམངས་དངུལ་ཁང་གཞིས་ཀ་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཁྱབ་ཁོངས་མང་པོའི་རྒྱབ་སྐྱོར་ལ་མཐོང་ཆེན་གནང་སྟེ། དངུལ་རྩའི་རྒྱབ་སྐྱོར་གནད་འཕིགས་དབུལ་སྐྱོར་བྱ་བར་ཕན་འབྲས་བཟང་བོ་ཐོབ་པར་ཡོངས་སུ་ཁྱབ་པའི་སྒོ་ནས་སྐུལ་འདེད་བཏང་།
          གཞིས་ཀ་རྩེ་གྲོང་ཁྱེར་གྱི་དངུལ་ཁང་ལས་རིགས་སོ་སོས་ཡིད་རྟོན་དངུལ་བུན་གྱི་ཐོན་ཁུངས་ཧྲག་བསྡུ་བྱས་ཏེ། ཡིད་རྟོན་དངུལ་བུན་གྱི་ཚོང་གཉེར་ཐབས་ཇུས་ལེགས་སྒྲིག་དང་། དངུལ་བུན་གྱི་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། རྣམ་གྲངས་དབུལ་སྐྱོར་གྱིས་ཐོན་ལས་འཕེལ་རྒྱས་ཐད་བཏོན་པའི་ནུས་བ་འདོན་སྤེལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་ཁྲག་གསོ་ནུས་བའི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་། 2020ལོའི་ཟླ10བའི་ཟླ་མཇུག་བར་དུ། བསྡོམས་པས་རྣམ་གྲངས་དབུལ་སྐྱོར་དངུལ་བུན་ཐེངས63བཏང་།
          གཞིས་ཀ་རྩེ་གྲོང་ཁྱེར་གྱི་དངུལ་ཁང་ལས་རིགས་སོ་སོའི་དངུལ་རྩའི་ལས་ཁུངས་ཀྱིས་རོང་འབྲོག་ཁུལ་གྱི་ཚོང་གཉེར་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་ཚད་ཇེ་ཆེར་བཏང་སྟེ། དེ་དག་ཁྱབ་རྒྱ་ཆེ་བ་དང་། ཁྱིམ་ཚང་དབུལ་བོར་སྣེ་ཁྲིད་བྱེད་པའི་ཕན་ནུས་མངོན་གསལ་ཡིན་པ་གཞིགས་ནས། ཡིད་རྟོན་དངུལ་བུན་གཙོ་བོ་རིགས་སོ་སོའི་རོང་འབྲོག་ཁུལ་གྱི་ཚོང་གཉེར་བྱེད་མཁན་གྱི་འཕེལ་རྒྱས་ལ་དམིགས་པ་ཡིན། 2020ལོའི་ཟླ10བའི་ཟླ་མཇུག་བར་དུ། དངུལ་ཁང་ལས་ཁུངས་ཀྱིས་དཔལ་འབྱོར་མཉམ་ལས་རྩ་འཛུགས29དང་འབྲེལ་མཐུད་བྱས་ནས། ཕྱུག་སྒྱུར་སྣེ་འཁྲིད་པ1573ལ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར5.86དངོས་འབེབས་བྱས།  །
རྩོམ་སྒྲིག་པ། བདེ་སྒྲོལ།