དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

བོད་ལྗོངས་ཀྱི་རྫོང་ཚང་མར་གློག་དྲ་གཙོ་བོ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།

སྤེལ་དུས 2021-01-14 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
            ཉེ་ལམ། གསར་འགོད་པས་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་རིང་བོད་ལྗོངས་ཀྱིས་སྔ་གཞུག་ཏུ་མཚོ་བོད་དྲ་སྦྲེལ་དང་། ཁྲོན་བོད་གློག་དྲ་རྗེས་ཀྱི་གློག་ཤུགས་མཁའ་ལམ་གསུམ་པ་དང་བཞི་བ་སྟེ་བོད་དབུས་དྲ་སྦྲེལ་ལས་གཞི་དང་མངའ་རིས་དྲ་སྦྲེལ་ལས་གཞི་སྐྲུན་ནས། བོད་དབུས་གློག་དྲ་དང་བོད་ལྗོངས་ཆབ་མདོ་གློག་དྲ། སི་ཁྲོན་གློག་དྲ་བཅས་ཕན་ཚུན་སྦྲེལ་བ་མངོན་འགྱུར་བྱས་ལ། ལྗོངས་ཡོངས་སུ་སྟོང་ཧྥུ500བརྒལ་བའི་མཐོ་གནོན་དྲ་སྒྲོམ་གཙོ་བོ་བྱས་ཤིང་། རིམ་པ་སོ་སོའི་གློག་དྲ་མཐུན་སྦྱོར་འཕེལ་རྒྱས་ཀྱི་བོད་ལྗོངས་གཅིག་གྱུར་གློག་དྲའི་དུས་རབས་གསར་བར་བསྐྱོད་པ་དང་། བསྡོམས་པས་སྟེང་ཧྥུ་རིམ་པ110ཡན་གྱི་གློག་སྒྱུར་ས་ཚིགས39དང་། གློག་སྐྱེལ་སྐུད་ལམ་སྤྱི་ལེ8600། གློག་སྒྱུར་ཤོང་ཚད་སྟོང་ཧྥུ་ཨན་ཁྲི1300བཅས་གསར་སྣོན་བྱས།
            རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་ཟིའི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ལོ་ལྔའི་རིང་ལ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པར་ཕྱོགས་ཡོངས་ནས་གློག་མེད་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་དང་ཞིང་དྲ་བསྒྱུར་བཀོད་རིམ་སྤར་འཛུགས་སྐྲུན་ལེགས་འགྲུབ་བྱེད་པའི་རྨང་གཞིའི་སྟེང་། སྔ་གཞུག་ཏུ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར224བཏང་སྟེ། བོད་ལྗོངས་ཀྱི་རེས་སྐོར་གསར་བའི་ཞིང་དྲ་བསྒྱུར་བཀོད་རིམ་སྤར་ལོ་གཉིས་ཀྱི་མཁྲེགས་གཏོར་ལས་གཞི(2016ལོ-2017ལོ)དང་ཆུས་གསུམ་ཁུལ་གསུམ་གྱི་ཤིན་ཏུ་དབུལ་བོ་ཡིན་པའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། བསྡོམས་པས་གློག་འདོན་མི་གྲངས་ཁྲི230ཙམ་ཐག་གཅོད་དང་འཐུས་ཚང་དུ་བཏང་། མིག་སྔའི་བར་དུ། བོད་ལྗོངས་ཀྱི་གློག་དྲ་གཙོ་བོ་རྫོང་ཡོངས་ཀྱི་རྫོང(ཆུས)74དང་གྲོང་རྡལ་གཙོ་བོར་ཡོངས་སུ་ཁྱབ་ཏེ། གློག་འདོན་མི་གྲངས་ཁྲི330ཙམ་ལ་སླེབས་ཡོད།
            ལོ་ལྔའི་རིང་། བོད་ལྗོངས་གློག་དྲའི་གློག་སྤྱོད་ཚད་རྒྱུན་མཐུད་ངང་འཕར་སྣོན་བྱུང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། ཆེས་མཐོ་བའི་གློག་སྤྱོད་གློག་ཤུགས་ཐེག་ཚད་སྟོང་ཝ་ཁྲི163ལ་སླེབས་པ་དང་ལོ་རེར་ཆ་སྙོམས་སུ22%འཕར་ཡོད། བོད་ལྗོངས་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད2015ལོའི་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར40.43ནས2020ལོའི་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར82.45ལ་སླེབས་ཡོད་དེ། འཕར་ཚད་བསྟུད་མར་ལོ་མང་པོར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས། བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གློག་ཤུགས་འགན་སྲུང་གང་ལེགས་འདོན་སྤྲོད་བྱས་པ་རེད།  །
རྩོམ་སྒྲིག་པ། བདེ་སྒྲོལ།