དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

ཀྲང་ཀོང་རོང་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་བསམ་འཆར་གྲ་སྒྲིག་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས།

སྤེལ་དུས 2021-01-18 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
           ཟླ1པའི་ཚེས15ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་བཞི་བའི་འཐུས་མིའི་བསམ་འཆར་གྲ་སྒྲིག་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད་གནང་། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་ཞིང་ཆེན་དམངས་ཆེན་ཆེད་དོན་བྱ་བའི་ཨུ་ཡོན་ལྷན་ཁང་སོ་སོའི་འགན་ཁུར་བ། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་གྲོས་ཚོགས་སུ་ཞུགས།
           གྲོས་ཚོགས་ཀྱིས་ཞིང་ཆེན་སྲིད་གཞུང་དང་། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་འཐུས་ཚབ་པའི་བསམ་འཆར་གྲ་སྒྲིག་གནས་ཚུལ་ཡར་ཞུ་དང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་བསམ་འཆར་རྒྱུ་ཆའི་གནས་ཚུལ་ལ་ཉན་པ་དང་། གྲོས་ཚོགས་སྟེང་འཐུས་མི་རྣམས་ཀྱིས་བགྲོ་གླེང་གཏམ་བཤད་བྱས་པ་དང་། དམངས་ཚིས་འགན་སྲུང་དང་། ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས། ཞིང་སྡེ་དར་རྒྱས་འཐབ་ཇུས་ལག་བསྟར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐད་ནས་བསམ་འཆར་བཏོན།
           ཀྲང་ཀོང་རོང་གིས་བསྟན་དོན། འཐུས་མིའི་བསམ་འཆར་ནི་འཐུས་མིའི་འགན་ནུས་ལག་བསྟར་གྱི་རྣམ་པ་གལ་ཆེན་ཞིག་ཡིན་པ་མ་ཟད། ཞིང་ཆེན་གྱི་དོན་དངོས་གནས་ཚུལ་དང་། རྒྱབ་སྐྱོར་བརྩོན་ལེན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། འབྲེལ་ཡོད་ཕྱོགས་སོ་སོས་སྲིད་ཇུས་སློབ་སྦྱོང་དང་། མཐུན་སྦྱོར་ལ་ཤུགས་བསྣན་ནས། བསམ་འཆར་འཐུས་ཚང་དུ་གཏོང་བ་དང་། བསམ་འཆར་གྱི་དམིགས་གཏད་རང་བཞིན་དང་། བཀོལ་སྤྱོད་རང་བཞིན་ཇེ་མཐོར་གཏོང་དགོས། རང་འགུལ་སྒོས་འཐུས་མིར་འབྲེལ་འདྲིས་བྱས་ཏེ་སྲིད་ཇུས་ཀློག་འགྲེལ་དང་རྩད་འདྲི་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས། འཐུས་མི་ཚོས་སྤུས་ཚད་མཐོ་བའི་བསམ་འཆར་འདོན་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་དགོས། འཐུས་མི་སོ་སོས་སློབ་སྦྱོང་ལ་ཤུགས་སྣོན་དང་རྟོག་ཞིབ་ཟབ་མོས་གྲ་སྒྲིག་གང་ལེགས་བྱས་ཏེ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བའི་སྟེང་འགན་ནུས་ལག་བསྟར་དང་། མཚོ་སྔོན་གྱི་མགྲིན་ཚབ་པ་བཟང་བོ་ཞིག་བྱས་ཏེ། མཚོ་སྔོན་གྱི་འཕེལ་རྒྱས་དང་གཏམ་རྒྱུད་བཤད་དེ། མཚོ་སྔོན་གྱི་སྣང་བརྙན་ལེགས་པོ་མངོན་དགོས་ལ། དངོས་ཡོད་ཀྱི་བྱ་སྤྱོད་ཀྱིས་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ལ་དྲིན་ལན་གཞལ་དགོས་ཞེས་བསྟན།།
རྩོམ་སྒྲིག་པ། བདེ་སྒྲོལ།