དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

ལོ་བཞིར་སྒོར་ཁྲི་བཞི་བརྒྱ་བཏང་ནས་སློབ་མ་700ལྷག་ཙམ་ལ་སློབ་ཆེན་གྱི་ཕུགས་འདུན་སྒྲུབ་རོགས་བྱས་པ།

སྤེལ་དུས 2021-03-01 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
“བོད་ལྗོངས་བཀྲ་ཤིས་ཁ་བཏགས་སློབ་སྐྱོར་རོགས་དངུལ”གྱིས་ལོ་བཞིར་སྒོར་ཁྲི་བཞི་བརྒྱ་བཏང་ནས་སློབ་མ་700ལྷག་ཙམ་ལ་སློབ་ཆེན་གྱི་ཕུགས་འདུན་སྒྲུབ་རོགས་བྱས་པ།
          2017ལོར་མི་146དང་། 2018ལོར་མི་185 2019ལོར་མི་200 2020ལོར་མི་200བཅས་ལོ་བཞི་བསྟུད་མར་སློབ་མ་700ལྷག་ཙམ“བོད་ལྗོངས་བཀྲ་ཤིས་ཁ་བཏགས་སློབ་སྐྱོར་རོགས་དངུལ”གྱི་རྣམ་གྲངས་ལ་བརྟེན་ནས་སློབ་ཆེན་གྱི་ཕུགས་འདུན་གྲུབ་ཡོད།
          ཀྲུང་ཧྲན་སློབ་ཆེན་སྔོན་འགོག་གསོ་རིག་ཆེད་ལས་སུ་སློབ་སྦྱོང་བྱེད་བཞིན་པའི་འཇམ་དབྱངས་སྒྲོལ་དཀར་ནི“བོད་ལྗོངས་བཀྲ་ཤིས་ཁ་བཏགས་སློབ་སྐྱོར་རོགས་དངུལ”ཁག་དང་པོ་རག་མཁན་གྱི་གྲས་ཡིན་ཞིང་། ཁོང་གིས《བོད་ལྗོངས་བཀྲ་ཤིས་ཁ་བཏགས་མི་རིགས་མཁོ་ཆས་ཚད་ཡོད་འགན་འཁྲི་ཀུང་སི་དང་དེ་བཞིན་གཅེས་སེམས་མི་སྣར་སྤྲིངས་པའི་ཐུགས་རྗེ་ཆེ་ཞུ་བའི་འཕྲིན་ཡིག》ནང“2017ལོའི་ཟླ་9པར་ང་རང་སློབ་ཆེན་ལོ་རིམ་དང་པོའི་སློབ་མ་གསར་པའི་མིང་ཐོག་ནས་ཀྲུང་ཧྲན་སློབ་ཆེན་འགྲིམས་པ་ནི་ངའི་མཐོ་རིམ་སློབ་འབྲིང་ལོ་གསུམ་གྱི་ཕུགས་འདུན་ཡིན། གཅེས་སེམས་ཁེ་ལས་དང་གཅེས་སེམས་མི་སྣའི་རོགས་རམ་ལས་ངས་སློབ་ཆེན་གྱི་འཚོ་བ་སྐྱེལ་བཞིན་ཡོད་པས་ཁྱེད་རྣམ་པར་ཐུགས་རྗེ་ཆེ”ཞེས་བྲིས་ཡོད། འཕྲིན་ཡིག་དེའི་ཡིག་འབྲུ་རེ་རེ་ལས་འཇམ་དབྱངས་སྒྲོལ་དཀར་གྱིས་རང་ཉིད་སློབ་ཆེན་ལ་བདེ་བླག་ངང་སྐྱོད་ཐུབ་པར་རོགས་རམ་བྱེད་མཁན་གཅེས་སེམས་མི་སྣར་གུས་བཀུར་དང་ཐུགས་རྗེའི་བསམ་པ་མཚོན་ཞིང་། དེ་ཡང་རོགས་སྐྱོར་ཐོབ་པའི་སློབ་མ་མང་པོའི་ཐུན་མོང་གི་བསམ་པ་རེད།
          ཁེ་ལས་སྟོབས་ཆེར་གཏོང་བ་དང་ཆབས་ཅིག་བོད་ལྗོངས་བཀྲ་ཤིས་ཁ་བཏགས་མི་རིགས་མཁོ་ཆས་ཚད་ཡོད་འགན་འཁྲི་ཀུང་སིས་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་མ་བརྗེད་པར་སློབ་གསོར་དམིགས་ནས་སློབ་ཆེན་སློབ་མར་རོགས་སྐྱོར་བྱས་ཡོད། 2017ལོའི་ཟླ་5པར་བོད་ལྗོངས་བཀྲ་ཤིས་ཁ་བཏགས་མི་རིགས་མཁོ་ཆས་ཚད་ཡོད་འགན་འཁྲི་ཀུང་སི་དང་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུས་དབར《སློབ་སྐྱོར་རོགས་དངུལ་ཞལ་འདེབས་རྒྱག་པའི་གྲོས་མཐུན་ཡི་གེ》བཞག་ནས“བོད་ལྗོངས་བཀྲ་ཤིས་ཁ་བཏགས་སློབ་སྐྱོར་རོགས་དངུལ”རྣམ་གྲངས་བཙུགས་ཏེ། ལོ་ལྟར་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུས་ལ་སྒོར་ཁྲི་100ཡི་སློབ་སྐྱོར་རོགས་དངུལ་སྤྲོད་རྒྱུ་ཁས་བླངས་པ་དང་། དེ་དག་གཙོ་བོ་ཆབ་མདོ་གྲོང་ཁྱེར་གྱི་སྤྱོད་ཡོན་གཉིས་ལྡན་གྱི་ཁྱིམ་ཚང་དབུལ་པོའི་སློབ་ཆེན་སློབ་མར་རོགས་སྐྱོར་ལ་སྤྲོད་མཁན་རེད།
          2017ལོར་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུས་ལ་བོད་ལྗོངས་བཀྲ་ཤིས་ཁ་བཏགས་མི་རིགས་མཁོ་ཆས་འགན་འཁྲི་ཚད་ཡོད་ཀུང་སིའི་སློབ་སྐྱོར་རོགས་དངུལ་སྒོར་ཁྲི་100འབྱོར་རྗེས་ཆབ་མདོ་གྲོང་ཁྱེར་གྱི་ཁྱིམ་ཚང་གི་དཀའ་ངལ་ཤིན་ཏུ་ཆེ་བའི་སློབ་ཆེན་སློབ་མ་146ལ་གནད་སྨིན་རོགས་སྐྱོར་བྱས་པས་སློབ་ཆེན་སློབ་མ་དབུལ་པོའི་ཁྱིམ་ཚང་གི་དཔལ་འབྱོར་གྱི་གནོན་ཤུགས་ཡང་དུ་ཞེ་དྲག་བཏང་ཡོད།
          “བོད་ལྗོངས་བཀྲ་ཤིས་ཁ་བཏགས་སློབ་སྐྱོར་རོགས་དངུལ”རྣམ་གྲངས་ཡག་པོ་སྒྲུབ་ཆེད། ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་སློབ་མའི་རོགས་སྐྱོར་དོ་དམ་ལྟེ་གནས་ཆེད་མངགས་བཀོད་སྒྲིག་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་སྒྲིག་འཛུགས་ལག་བསྟར་བྱས་པ་དང་། ད་དུང་ཆེད་མངགས་ཚོགས་འདུ་འཚོགས་ནས《བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བོད་ལྗོངས་བཀྲ་ཤིས་ཁ་བཏགས་སློབ་སྐྱོར་རོགས་དངུལ་རྣམ་གྲངས་ཀྱི་ལག་བསྟར་ཇུས་གཞིར》གྲོས་འཆམ་བྱུང་ནས་རོགས་སྐྱོར་ཆེད་དུད་བཟོས་ཏེ་ཞལ་འདེབས་རོགས་དངུལ་ཆེད་དངུལ་ཆེད་སྤྱོད་བྱས་ཡོད།
          “95ནང་སྐྱེས”བསོད་ནམས་དབང་ཕྱུག་ནི་བོད་ལྗོངས་ནོར་གནག་རིག་གནས་མཚམས་སྦྱོར་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཡིན་པ་དང་དེ་སྔ“བོད་ལྗོངས་བཀྲ་ཤིས་ཁ་བཏགས་སློབ་སྐྱོར་རོགས་དངུལ”གྱི་རོགས་རམ་འཐོབ་མྱོང་ཡོད། སློབ་གྲྭ་ཐོན་རྗེས་ཁོང་གིས་ཕ་ཡུལ་དུ་ལོག་ནས“གཉིས་གཏོད”ཀྱི་གཟིགས་སྐྱོང་སྲིད་ཇུས་བརྒྱུད་ལས་གཏོད་ཀྱི་ལམ་དུ་བསྐྱོད། ད་ཆ་ཁོང་གི་ཀུང་སིས་སློབ་ཆེན་སློབ་མ་4དང་ཞིང་འབྲོག་པའི་ལས་མི་2བསྡུས་ཡོད། རོགས་སྐྱོར་ཐོབ་པའི་སློབ་ཆེན་སློབ་མ་གཞན་དག་གིས་ཀྱང་ངལ་གསོའི་ཁོམ་པ་སྤྱད་དེ་དང་བླངས་ཀྱི་ཞབས་འདེགས་སྣ་ཚོགས་ལ་ཞུགས་ཀྱི་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོལ།