ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

“གསར་གཏོད་ལས་གཏོད་ཀྱིས་འབྱུང་འགྱུར་ལ་དཔང་པོ་བྱེད་པའི”སྲིད་གཞུང་དངུལ་ཁང་གིས“གཉིས་གཏོད”འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་བྱེད་སྒོ་སྤེལ་བ།

སྤེལ་དུས 2021-10-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉེ་དུས་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་ལྷ་ས་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅན་ཅུས་ཀྱིས“གསར་གཏོད་ལས་གཏོད་ཀྱིས་འབྱུང་འགྱུར་ལ་དཔང་པོ་བྱེད་པའི”སྲིད་གཞུང་དང་དངུལ་ཁང་གིས“གཉིས་གཏོད”འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་བྱེད་སྒོ་སྤེལ་སྟེ་མ་དངུལ་བསྡུ་སྒྲིལ་གྱི“ཐོགས་མེད་བགྲོད་ལམ”གཏོད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི“མ་དངུལ་བསྡུ་སྒྲིལ་དཀའ་བ”དང“མ་དངུལ་བསྡུ་སྒྲིལ་འགོར་བའི”གནད་དོན་ཐག་གཅོད་བྱ་རྒྱུ་རེད།
          བྱེད་སྒོ་སྤེལ་རིང་ཁྲིམས་འགལ་གྱི་མ་དངུལ་བསྡུ་སྒྲིལ་ལ་འགོག་ཟོན་དང་ཐག་གཅོད་ཀྱི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་བྱས་ཤིང་། འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ལས་དོན་མི་སྣས་ཁོང་ཚོའི་ཀུན་ཕན་དངུལ་རྩའི་འབྲེལ་ཡོད་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་ངོ་སྤྲོད་བྱས་པ་རེད། འཕྲུལ་འཁོར་ཕྱིར་འཚོང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཤིག་གི་འགན་འཁུར་བ་ཕུར་བུ་ཚེ་རིང་ལ་ལས་སྒོ་རྒྱ་སྐྱེད་དུ་གཏོང་བའི་དངུལ་གཡར་འདོད་པས་ལས་དོན་མི་སྣའི་མཛུབ་ཁྲིད་འོག་ཁོང་གིས་ལག་ཐོགས་ཁ་པར་ནང་གི་Appབརྟེན་ནས་བཀོལ་སྤྱོད་བྱས་པ་བརྒྱུད་སྐར་ཆ་10ལྷག་ཙམ་ནང་དངུལ་བུན་སྒོར་ཁྲི་290རང་ཉིད་ཀྱི་རྩིས་ཁྲའི་ནང་འབྱོར་བ་རེད། 
རྩོམ་སྒྲིག་པ། བསྟན་ཆོས།