དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

བོད་སྐྱོར་སྨན་པས་མིག་བརྡ་བཞི་ཡིས་ང་ལ་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྩལ་བྱུང་ཟེར།

སྤེལ་དུས 2020-10-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ10པའི་ཚེས19ཉིན་རྒྱལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་བྱས་རྗེས་སྐོར་སྐྱོད་ཚོགས་པའི་སྙན་ཞུ་ཚོགས་པ་གསུམ་པས་པེ་ཅིང་རྒྱལ་སའི་དཔེ་མཛོད་ཁང་དུ་སྙན་ཞུ་གནང་བ་རེད།

འདི་ནི་རྒྱལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་བྱས་རྗེས་སྐོར་སྐྱོད་ཚོགས་འདུའི་ཡུལ་དངོས་རེད།
        སྙན་ཞུ་ཚོགས་པའི་ཁོངས་མི7གྱིས་རང་ཉིད་ཀྱི་ཉམས་མྱོང་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་པ་དང་།དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་དོན་སྙིང་དང་དཀའ་ཚེགས་ཆེ་བའི་ལོ་རྒྱུས།རླབས་ཆེན་གྲུབ་འབྲས་བཅས་འགྲེལ་བརྗོད་གནང་པ་རེད། ཁོང་ཚོའི་སྤྱོད་ལམ་དངོས་ཀྱི་སྟེང་ནས་དུས་རབས་གསར་པའི་འགན་འཁུར་ཕོད་པ་དང་རང་ནུས་འདོན་པ། འབད་འབུངས་ཡར་བརྩོན། གསར་གཏོད་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་ལག་ལེན་དུ་བསྟར་བཞིན་ཡོད། དེའི་ཁྲོད། ནང་མི་དང་མཉམ་དུ་གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་བྱེད་པའི་གྲོང་གསེབ་ཀྱི་ཧྲུའུ་ཅི་ཡོད་ལ།ནང་སོག་གི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་མཁན་ཁེ་ལས་པ་དང་། “ཐོན་ལས་དབུལ་སྐྱོར+ལས་རིགས་སློབ་གསོའི་མཐོར་འདེགས”གསར་གཏོད་བྱེད་མཁན་གྱི་ཐུའུ་ཅ་རིགས་ཀྱི་མཛངས་མ་དང་། ད་དུང་བོད་རང་སྐྱོང་ལྗོངས་སུ་སྤྱི་ལེ་ཁྲི་ཕྲག་ཁ་ཤས་བསྐྱོད་དེ་ནད་བཅོས་སྲོག་སྐྱོབ་གནང་མཁན་བོད་སྐྱོར་སྨན་པ་སོགས་ཡོད།
        བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གསོ་རིག་ལྟེ་གནས་ལྔ་པའི་དེ་སྔའི་མཆིན་མཁྲིས་ཕྱི་བཅོས་ལྟེ་གནས་གཉིས་པའི་སྤོ་འཛུགས་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཀྲུའུ་ཀྲེན་ཡུས་ནི2020ལོར་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་བྱ་དགའི་གསར་གཏོད་བྱ་དགའ་ཐོབ་མཁན་ཞིག་རེད། ལོ་ངོ་དྲུག་གི་རིང་། ཁོང་གིས་སྔ་རྗེས་སུ་ཐེངས16རིང་དཔུང་སྡེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན། ཀན་སུའུ་ཞིང་ཆེན་བཅས་ཀྱི་ས་མཐོའི་འབྲོག་ཁུལ་དུ་རིམ་རྩིས་བྱས་ན་ལམ་ཐག་སྤྱི་ལེ20000ལྷག་ཙམ་བསྐྱོད་དེ་ཐུམ་འབུའི་ནད་ཕོག་པའི་ནད་པ་མི་ཐེངས16000ལ་གྲལ་བཤེར་བྱས་ཡོད་པ་རེད།

འདི་ནི་ཀྲུའུ་ཀྲེན་ཡུས་ཀྱིས་སྙན་ཞུ་ཕུལ་བཞིན་པ་རེད།
        ས་མཐོར་སྐོར་སྐྱོད་སྨན་བཅོས་བྱེད་པར་བསྐྱོད་རྒྱུ་དེ་ནང་སར་ཡུན་རིང་འཚོ་བ་སྐྱེལ་མཁན་བོད་སྐྱོར་སྨན་པ་ཚོའི་ངོས་ནས་བརྗོད་ན། ཐེངས་རེ་རེ་ནི་འགྲན་རྩོད་རེད།“སྐོར་སྐྱོད་སྨན་བཅོས་བྱེད་སྐབས་ལམ་ཐག་སྨི500ལས་མེད་པར་སྣང་ནའང་འགྲུལ་བཞུད་ཆུ་ཚོད་གཅིག་ལྷག་ཙམ་འགོར་གྱི་ཡོད། ཀྲུའུ་ཀྲེན་ཡུས་ཀྱི་ངོས་ནས་བཤད་ན།ས་བབ་མཐོ་བའི་ས་ཁུལ་དུ་མི་བདེ་བ་དང་དཀའ་ངལ་སྣ་ཚོགས་སེམས་ཤུགས་ཀྱིས་སེལ་ཐུབ་པ་དང་། ཁོང་གིས་དེ་བས་དོ་ཁུར་བྱེད་ས་ནི་ས་གནས་དེ་གའི་མང་ཚོགས་ལ་ཐུམ་འབུའི་ནད་སྨན་བཅོས་བྱ་རྒྱུ་དང་།མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་བྱས་ནས་འབྲོག་པ་མང་ཚོགས་ལ་ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོ་ཆགས་རྒྱུར་སྔོན་འགོག་བྱ་རྒྱུ་དེ་ཡིན་ལ།“བདེ་ཐང་དབུལ་སྐྱོར་གྱི་རྒྱང་སྐྱོད་ལམ་བུའི་ཐོག་དེ་སྔར་མིག་བརྡ་བཞི་ཡིས་ང་ལ་མདུན་སྐྱོད་ཀྱི་སྟོབས་ཤུགས་སྦྱིན་མྱོང”ཟེར།
        བོད་རང་སྐྱོང་ལྗོངས་ཀྱི་གཞིས་ཀ་རྩེའི་གྲོང་གསེབ་ཏུ་ཀྲུའུ་ཀྲེན་ཡུས་ཐུམ་འབུའི་ནད་ཕོག་ནས་རུས་པ་ཕྲ་ཞིང་རིད་པའི་ཆོས་སྒྲོན་དང་འཕྲད། མོས་རེ་ཐག་ཆད་པའི་མིག་ཟུང་ལས་ཚེ་སྲོག་ལ་རེ་སྨོན་བྱེད་པ་མཐོང་པས་ཀྲུའུ་ཀྲེན་ཡུས་ལ་བློ་བརྟན་འགྱུར་མེད་ཀྱིས་གཤགས་བཅོས་བྱེད་པའི་སེམས་ཤུགས་བསྩལ་བྱུང་།ས་མཐོར་མི་འཕྲོད་པའི་དཀའ་སྡུག་བཟོད་བསྲན་བྱས་ཏེ་ཆུ་ཚོད7རིང་ཆོས་སྒྲོན་གྱི་ཁོག་པའི་ནང་སྤྱི་རྒྱ5ཡོད་པའི་ཐུམ་འབུའི་སྣོད་ཞིབ་ཚགས་ངང་བཤུས་པ་དང་།ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་དུ་ཕ་མའི་ངོ་རྒོལ་ལ་མི་འཛེམས་པར་ཐུམ་འབུའི་ནད་གཤགས་བཅོས་དང་སྨན་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱེད་མཁན་བོད་རིགས་ཕོ་གཞོན་ཚོས་ཡིད་ཆེས་ཀྱི་མིག་ཟུང་ལས་ཁོང་གིས་གནོན་ཤུགས་ཐེག་ཐུབ་པར་གྱུར་པ་དང་། ཆུ་ཚོད48རིང་གི་ཤི་གསོན་རྒྱུན་མཐུད་བྱས་ཏེ་ཕྱོགས་སོ་སོས་མཉམ་འཐབ་བྱས་པ་བརྒྱུད། ཁོས་མྱུར་གཤིས་གློ་བའི་རེང་འགགས་ཕོག་པའི་ནད་པ་དེ་འཆི་ལམ་ནས་ཕྱིར་བསྐྱབས་ཤིང་།མྱུར་སྐྱོབ་ནང་ཞུགས་མཁན་ཚང་མས་མགྲིན་གཅིག་ཏུ“བཀྲ་ཤིས་བདེ་ལེགས་ཞུ། གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ། གཉེན་ཉེ་བཅིངས་འགྲོལ་དམག་ལ་ཐུགས་རྗེ་ཆེ་ཞུ”ཞེས་སེམས་འགུལ་ཐེབས་པའི་རྣམ་པ་དེ་ནི་ཁོས་ད་བར་དུ་བརྗེད་ཐབས་མེད།ཁ་བྲལ་ཐེངས་རེར།འབྲོག་པ་རྣམས་ཀྱིས་འབྲལ་མི་ཕོད་པའི་མིག་མདངས་ལས།ཁོང་ཉིད་ཁོ་ཚོ་དང་ཁ་བྲལ་ནའང་དེ་ཚོར་བདེ་ཐང་དང་བདེ་སྐྱིད་མུ་མཐུད་སྐྱེལ་དགོས་པའི་སེམས་ཤུགས་བསྩལ་ཡོད་པ་རེད།
        ཉེ་ལམ་ལོ་ཤས་རིང་།ཀྲུའུ་ཀྲེན་ཡུས་དང་ཁོང་གི་འཐབ་གྲོགས་ཚོས་ཐུམ་འབུའི་ནད་ཀྱི་རྩ་བཅོས་རང་བཞིན་གྱི་སྨན་བཅོས་ཇུས་གཞིར་ཞིབ་འཇུག་བྱས་པ་དང་། ས་གནས་དེ་གའི་སྨན་དོན་མི་སྣ་མི་ཐེངས1000ལྷག་ཙམ་ལ་སློབ་ཁྲིད་བྱས་པ། ལག་རྩལ་གསར་པ་དང་ལས་སྒོ་གསར་པ134སྤེལ་བ་བཅས་ལས་ས་གནས་དེ་གར་གཞིས་ཚུགས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་སྐྱེད་བསྲིངས་གནང་ཡོད་པ་རེད།
        ཀྲུའུ་ཀྲེན་ཡུས་ཀྱིས་ལོ་ངོ་དྲུག་གི་རིང་།སྤྱི་ལེ་ཁྲི་ཁ་ཤས་ཀྱི་ལམ་བུ་ཀྱག་ཀྱོག་བགྲོད་དེ་གཤགས་བཅོས300ལྷག་ཙམ་བྱས་པ་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱས་པ་རེད། བོད་སྐྱོར་གྱི་འདས་དོན་དག་ལ་ཕྱིར་དྲན་བྱེད་སྐབས་ཀྲུའུ་ཀྲེན་ཡུས་ཀྱིས་མིག་ཟུང་དང་སེམས་ནང་དྲོ་སྐྱིད་ཀྱིས་ཁེངས་ཡོད་ལ།བདེ་ཐང་དབུལ་སྐྱོར་གྱི་རྒྱང་སྐྱོད་ལམ་བུའི་ཐོག་ཁོང་གིས་མུ་མཐུད་འབུ་སྐྲན་ལ་རྒོལ་ཏེ་དབུལ་སྐྱོར་རོགས་འདེགས་གནང་པའི་གཏམ་རྒྱུད་བརྗོད་དེ།“འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་ཆེད་གཅིག་ཀྱང་མི་ལུས་པའི”དམིགས་ཚད་ལ་མུ་མཐུད་འབད་འཐབ་བྱེད་རྒྱུ་ཡིན་ཞེས་བསྟན།

འདི་ནི་སྙན་ཞུའི་ཚོགས་འདུ་འཚོགས་ཡུལ་དངོས་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན།པེ་ཅིང་གྲོང་ཁྱེར་དབུལ་སྐྱོར་རོགས་ལས་དང་རོགས་སྐྱོར་མཉམ་ལས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་ནས་མི300ལྷག་ཙམ་སྙན་ཞུའི་ཚོགས་འདུར་ཞུགས་ཡོད་པ་རེད།
        ཀྲུའུ་ཀྲེན་ཡུས་སོགས་ཁོངས་མི7གྱི་སྒྲོག་འགྲེལ་ལས་ཡུལ་དངོས་ཀྱི་ལྟད་མོ་བའི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། མི་མང་པོ་ཞིག་སེམས་འགུལ་ཐེབས་ནས་མིག་ཆུ་བཞུར། པེ་ཅིང་གྲོང་ཁྱེར་གྱི་དབུལ་སྐྱོར་རོགས་སྐྱོར་གྱི་འབྲེལ་ཡོད་ལས་བྱེད་པས་སྔོན་ཐོན་དཔེ་མཚོན་ལ་རང་རྟོགས་ངང་སློབ་སྦྱོང་བྱེད་དགོས་ཤིང་། སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་གནང་རྒྱུ་དང་། སྔོན་ཐོན་གྱི་ཚད་གཞིར་གཞིགས་ནས་ཧེ་བག་འཚོལ་བ། ལས་གནས་ཐོག་གཞི་ཚུགས་ནས་དོན་འཁྱོལ་བྱེད་པ་དམ་འཛིན་བྱས་ཏེ་དེ་བས་ཆེ་བའི་བློ་སྟོབས་དང་། ཏན་ཏིག་གི་བྱ་སྤྱོད། ནུས་ལྡན་གྱི་བྱ་ཐབས་བཅས་ཀྱི་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ལེགས་སྐྱེས་གསར་པ་ཕུལ་ནས་རླབས་ཆེན་བྱ་གཞག་ནང་ཞུགས་པའི་ཁྲོད་མི་ཚེར་དོན་སྙིང་ལྡན་པ་བྱ་དགོས་ཞེས་བསྟན་པ་རེད།