དགེ་རྒན་གླ་ཕོགས་ཐད་ཀྱི་གཏམ་བཟང་ཞིག
སྤེལ་དུས 2021-03-01
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ས་གནས་དེ་གའི་གཞུང་ཞབས་པ་ལས་དམའ་ཚེ། ས་གནས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།
སྤྱི་ལོ་2020ལོར་ཕྱོགས་ཁག་གིས་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་རྫོང་(གྲོང་ཁྱེར་དང་ཆུས་)ཡོངས་སུ་འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་དེ་ས་གནས་དེ་གའི་གཞུང་ཞབས་པ་ལས་མི་དམའ་བའི་དམིགས་ཚད་སྤྱིའི་ཆ་ནས་མངོན་འགྱུར་བྱུང་ཡོད།
འོན་ཀྱང་གོང་ཞུ་བྱས་པའི་གནས་ཚུལ་ལ་གཞིགས་ན། མིག་སྔར་ས་གནས་ཁག་གཅིག་གིས་གཞུང་ཞབས་པར་བྱ་དགའི་རང་བཞིན་གྱི་ཁ་གསབ་དངུལ་སྤྲོད་སྐབས་འོས་འགན་སློབ་གསོའི་དགེ་རྒན་ལ་བསམ་གཞིག་བྱེད་ཀྱི་མེད་པ་རེད། གནད་དོན་བསྐྱར་ལོག་མི་ཡོང་བའི་ཆེད། ས་གནས་ཁག་གི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་“མི་དམའ་བའི་”དམིགས་འབེན་མངོན་འགྱུར་ཡོང་བར་མུ་མཐུད་ནས་གཙིགས་མཐོང་ཆེན་པོ་བྱེད་དགོས་པ་དང་། འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཕོགས་ས་གནས་དེ་གའི་གཞུང་ཞབས་པའི་གླ་ཕོགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ལེགས་སྒྲིག་བྱེད་དགོས་པའི་ལམ་སྲོལ་འཛུགས་པ་དང་དེ་འཐུས་ཚང་དུ་བཏང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་གལ་ཆེན་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་པ་དམིགས་སུ་བཀར་ནས་དྲན་སྐུལ་བྱས་ཡོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གཞུང་ལས་ཁང་གིས་སྤྱི་ལོ་2021ལོར་ས་གནས་ཁག་གི་“མི་དམའ་བའི་”དོན་འཁྱོལ་གནས་ཚུལ་ལ་མུ་མཐུད་དོ་ཁུར་བྱ་རྒྱུ་ཡིན་པ་དང་། གནད་དོན་ཚབས་ཆེ་བའི་ས་ཁུལ་དུ་སྒོ་བྱང་བཀལ་ནས་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུ་དང་དོན་འཁྱོལ་གནད་ལ་མ་འཁེལ་བའི་རྫོང་(གྲོང་ཁྱེར་དང་ཆུས་)གི་འགན་འཁུར་བློ་མཐུན་གཙོ་བོ་དང་འབྲེལ་ཡོད་འགོ་ཁྲིད་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།