དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

རིན་མེད་གཤགས་བཅོས།

སྤེལ་དུས 2021-02-24 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
          ལུང་ཁུག་བྱིས་པའི་ལས་དབང་ལ་ཁ་ལོ་སྒྱུར་བ་དང་དབང་སྐྱོན་བྱིས་པར་བདེ་ཐང་གི་སེམས་ཁམས་ཤིག་སྐྱེས་སུ་ཕུལ་ཆེད། མ་ཡུམ་འཛུམ་མདངས་ཀྱིས་༢༠༢༡ལོར་བོད་ཡོངས་ལ་ཁ་ཤོ་ཡོད་པའི་བྱིས་པར་རིན་མེད་གཤགས་བཅོས་བྱེད་པའི་བྱ་སྤྱོད་ཅིག་སྤེལ་རྒྱུ་རེད། གཤགས་བཅོས་བྱེད་ཡུལ་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་ཡིན་པ་དང་། གཤགས་བཅོས་བྱེད་པའི་དུས་ཚོད་ནི་༢༠༢༡ལོའི་ཟླ་༨པར་ཡིན། རྒྱལ་ནང་རིགས་གཅིག་མཁས་དབང་གདན་ཞུ་བྱས་ཏེ་ཁ་ཤོ་ཡོད་པའི་བྱིས་པར་རིན་མེད་གཤགས་བཅོས་བྱ་རྒྱུ་མ་ཟད། ལམ་ཐག་རིང་བ་དང་ཁྱིམ་ཚང་ཆ་རྐྱེན་ཞན་པའི་ནད་པར་ཆུ་ཐིགས་རྒྱ་མཚོ་སྤྱི་ཕན་ཐེབས་རྩས་རོགས་སྐྱོར་བྱ་རྒྱུ་རེད།  

ས་ཆ་ཁག་གི་དང་བླང་པའི་འབྲེལ་ལམ།
ཆབ་མདོའི་དང་བླང་པ་ཚེ་རིང་ཆོས་སྒྲོན། 
ཁ་པར་ཨང་གྲངས་༡༣༦༤༨༩༥༩༢༢༡
ནག་ཆུ་ཁུལ་གྱི་དང་བླང་པ་པད་མ་སྒྲོལ་དཀར་དང་བདེ་གཡང་།
ཁ་པར་ཨང་གྲངས་༡༣༢༢༨༩༦༩༠༠༠ ༡༣༨༨༩༠༦༦༤༦༦
སྐད་འཕྲིན་ཨང་གྲངས་bmzg2008
གཞིས་ཀ་རྩེ་དང་མངའ་རིས། ལྷ་ས་བཅས་ཀྱི་དང་བླང་པ་བསྟན་འཛིན་སྒྲོལ་དཀར།
ཁ་པར་ཨང་གྲངས་༡༨༨༩༨༠༩༢༠༢༩
ལྷོ་ཁ་དང་ཉིང་ཁྲིའི་དང་བླང་པ་ཚེ་དབང་།
ཁ་པར་ཨང་གྲངས་༡༣༦༢༨༩༨༤༤༤༥
སྐད་འཕྲིན་ཨང་གྲངས་ciwang7777
སོག་རྫོང་དང་འབྲི་རུ་རྫོང་སྦྲ་ཆེན་རྫོང་བཅས་ཀྱི་དང་བླང་པ་བདེ་གཡང་།
ཁ་པར་ཨང་གྲངས་༡༣༨༨༩༠༦༦༤༦༦


དོ་སྣང་བྱ་དགོས་ས།
          ༡ མིང་ཐོ་འགོད་སྐབས་བྱིས་པའི་མིང་དང་། ཕོ་མོ། སྐྱེས་ལོ་ཚེས་གྲངས་དང་བཅས་པ།   གཟུགས་པོའི་ལྗིད་ཚད། འབྲེལ་གཏུགས་ཁ་པར་ཨང་གྲངས་སོགས་ཆ་འཕྲིན་མཁོ་འདོན་བྱ་དགོས། 
          ༢ བྱེད་སྒོའི་ནང་ཞུགས་མཁན་གྱིས་ཐོབ་ཐང་ལག་འཁྱེར་དང་། ཐེམ་ཐོ། སྐྱེས་པའི་དཔང་ཡིག དཀའ་ངལ་ཡོད་པའི་ལག་འཁྱེར་སོགས་ལག་འཁྱེར་ཡོད་དགོས།
          ༣ ལོ་ན་༡༨སོན་མེད་པའི་ནད་པ་ཡིན་ཚེ་ལྟ་སྐྱོང་བ་དང་མཉམ་དུ་ཕེབས་རོགས།
རྩོམ་སྒྲིག་པ། སྣང་རྡོར།