དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

མཇིང་ཚིགས་ནད་འགོག་སྟངས་ཀྱི་ཐབས་མཆོག་འདིར་ཡོད།

སྤེལ་དུས 2021-03-02 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
         གཅིག མཇིང་པར་ན་ཟུག་གཏོང་བ། ལག་པས་འོག་ནས་སྒང་ལ་འཕུར་འཕུར་བཏང་ན་ན་ཟུག་ཆུང་དུ་འགྲོ་བ་དང་ཤུགས་ཀྱིས་མནན་ན་ན་ཟུག་ཆེ་རུ་ཕྱིན་ཚེ། སྤྱིར་ན་མཇིང་ཚིགས་ཀྱི་ནད་ཕོག་ཡོད།
         གཉིས། མཇིང་པར་ན་ཟུག་གཏོང་བ་དང་ཆབས་ཅིག ལག་པར(དཔུང་པ)ན་ཟུག་གཏོང་བའམ་ཡང་ན་སྦྲིད་ཚེ། སྤྱིར་ན་དབང་རྩའི་རྩ་གཞུང་རིགས་ཀྱི་མཇིང་ཚིགས་ནད་ཕོག་ཡོད།
         གསུམ། མིག་བཙུམ་ནས་མཇིང་པ་གཡས་གཡོན་དུ་བསྐོར་སྐབས་མགོ་ན་བའམ་ཡང་ན་མགོ་ཡུ་འཁོར་ཚེ། སྤྱིར་ན་ཁྲག་རྩའི་རིགས་ཀྱི་མཇིང་ཚིགས་ནད་ཕོག་ཡོད།
         བཞི། མཇིང་པར་ན་ཟུག་གཏོང་བ་དང་ཆབས་ཅིག རྐང་ལག་ལ་ཤུགས་མེད་པ་དང་ན་ཟུག་བཏང་ཚེ། སྤྱིར་ན་རྒྱུང་པའི་རིགས་ཀྱི་མཇིང་ཚིགས་ནད་དམ་ཡང་ན་མཇིང་རྩ་ཕྲ་བའི་ནད་ཕོག་ཡོད། 
         ལྔ། མགོ་བོ་སྒུར་སྒུར་བྱེད་སྐབས་ལུས་པོ་ཡོངས་གློ་བུར་དུ་སྦྲིད་པའམ་ཡང་ན་གློག་འཁྱུད་པ་ལྟ་བུའི་ཚོར་སྣང་བྱུང་ཚེ། སྤྱིར་ན་རྒྱུང་པའི་རིགས་ཀྱི་མཇིང་ཚིགས་ནད་དམ་མཇིང་ཚིགས་ཕྲ་བའི་ནད་ཕོག་ཡོད། 
         ནམ་རྒྱུན་དུ་ནས་སྐུ་ཉིད་མཇིང་ཚིགས་ནད་ཀྱིས་མནར་ནས་ཉི་མ་ལོ་ལས་རིང་བའི་ཚོར་སྣང་སྦྱིན་པ་དང་། དེ་བཞིན་མགོ་བོ་དང་། མཇིང་པ། དཔུང་པ་བཅས་ལ་ན་ཟུག་གཏོང་བའི་ཁར་ལག་པ་སྦྲིད་པའི་ཚོར་སྣང་སྦྱིན་པ་མ་ཟད། ཐ་ན་ལུས་པོར་ཉོབ་མདངས་སླེབས་ནས་ལས་ཀ་གང་ཞིག་ཀྱང་བྱེད་མི་འདོད་པར་གྱུར་གྱི་ཡོད། དེར་བརྟེན། རྟག་ཏུ་ནས་མཇིང་ཚིགས་ནད་འགོག་བཅོས་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་པས། ང་ཚོས་གཤམ་གསལ་གྱི་འགུལ་སྟངས་འདི་རིགས་སྦྱངས་ན་ནད་རྟགས་འདི་རིགས་ཐོན་རྒྱུ་སྔོན་འགོག་བྱེད་ཐུབ་ཀྱི་ཡོད།

རྩོམ་སྒྲིག་པ། སྣང་རྡོར།