པོ་ཏཱ་ལའི་སྒོ་འདི་གནས་སྐབས་བརྒྱག་རྒྱུ་རེད།
སྤེལ་དུས 2021-03-02
ཡོང་ཁུངས། སེམས་ཀྱི་ཞིང་ཁམས།
རྩོམ་པ་པོ།
གུས་ཤིང་བརྩེ་བའི་རྒྱ་ཆེའི་སྐུ་མགྲོན་རྣམས་ལ།
ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་སྐྱོང་ཅུས་ཀྱིས་ཕོ་བྲང་པོ་ཏཱ་ལའི་ཐང་ཆེན་བྱང་ངོས་བགྲོད་ལམ་གྱི་རྡོ་བཅལ་སྒྱུར་བཟོའི་ལས་གྲྭ་བདེ་བླག་ངང་སྤེལ་ཆེད། ཟླ་༣ཚེས་༣ཉིན་ནས་བཟུང་ཕོ་བྲང་པོ་ཏཱ་ལའི་ལྷོ་སྒོ་(གཞུང་སྒོ)གནས་སྐབས་བརྒྱག་རྒྱུ་ཡིན་པས། ཕོ་བྲང་པོ་ཏཱ་ལར་ཕེབས་པའི་སྐུ་མགྲོན་རྣམས་ཤར་སྒོ་ནས་ཕེབས་པར་ཞུ། ཁྱེད་རང་ལ་སྟབས་མི་བདེ་བ་བཟོས་ཚེ་དགོངས་འགལ་མེད་པར་འཚལ། བརྡ་ཐོ་འདི་མཐོང་རྗེས་གཞན་ལ་བརྒྱུད་བསྐུར་གནང་རོགས།
ཕོ་བྲང་པོ་ཏཱ་ལ་དོ་དམ་ཁྲུའུ་ནས།
༢༠༢༡ལོའི་ཟླ་༣ཚེས་༡ཉིན།
རྩོམ་སྒྲིག་པ། སྣང་རྡོར།