ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

▶ལོ་ཟོག་སྟེ་ཁ་ཟས།

སྤེལ་དུས 2022-03-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          ཁ་ཟས་ནི་བོད་ཀྱི་ལོ་གསར་སྐབས་ངེས་པར་དུ་མཁོ་བའི་ལོ་ཟོག་ཅིག་རེད། བོད་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ་ཁ་ཟས་སྲེག་པ་དང་འཚོང་བའི་སྒྲ་ཁྲོམ་གཞུང་གང་སར་ཐོས་རྒྱུ་ཡོད། དེ་ཡང་བརྫིས་ཟིན་པའི་གྲོ་ཞིབ་ལེབ་མོར་བཟོས་རྗེས། ལག་ཟུང་གིས་སྒོར་དབྱིབས་དང་། གྲུ་བཞི། ནར་མོ། མེ་ཏོག་གི་དབྱིབས་སོགས་བཟོ་ལྟ་འདྲ་མིན་སྣ་ཚོགས་བཟོས་ཏེ། སྣུམ་ནང་བསྲེགས་པ་དང་། དེའི་ཐོག་བྱེ་མ་ཀ་ར་གཏོར་རྗེས་ད་གཟོད་ཁ་ཟས་ཡོངས་སུ་བཟོས་ཚར་བ་རེད། ཁ་ཟས་ཀྱིས་ལོ་གསར་གྱི་རྣམ་པ་ཟབ་མོ་ཞིག་མངོན་པ་དེའི་ཐོག་ནས་ལོ་གསར་འཆར་ཉེར་ཡོད་པ་མཚོན་གྱི་ཡོད། ཁ་ཟས་ནི་བཀྲ་ཤིས་པ་དང་། ཕུན་སུམ་ཚོགས་པ། བདེ་ཞིང་སྐྱིད་པ་སོགས་ཀྱི་གོ་དོན་མཚོན་པའི་ཞིམ་ཟས་ཤིག་རེད། བོད་ཀྱི་ལོ་གསར་སྐབས་ཁ་ཟས་བཟོ་མཁན་ཚང་མས་སྔ་ས་ནས་བཟོ་ལྟ་འདྲ་མིན་སྣ་ཚོགས་ཀྱི་ཁ་ཟས་བཟོས་ནས་ལོ་ཟོག་ཁྲོམ་རའི་ཐོག་མཁོ་འདོན་བྱེད་ཀྱི་ཡོད།
རྩོམ་སྒྲིག་པ། སྣང་རྡོར།