ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

རྒྱལ་ཡོངས་ཞིང་ལས་དང་གྲོང་གསེབ་ཀྱི་བོད་སྐྱོར་ཚོགས་འདུ་གལ་ཆེན་ཞིག

སྤེལ་དུས 2021-09-26 ཡོང་ཁུངས། བོད་སྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཉིན་ཤས་གོང་། རྒྱལ་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུང་དབྱང་གྲོང་གསེབ་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་དང་། ཞིང་ལས་དང་གྲོང་གསེབ་པུའི་ཏང་ཙུའི་ཧྲུའུ་ཅི། པུའུ་ཀྲང་བཅས་ཡིན་པའི་ཐང་རེན་ཅན་གྱིས་གསུང་བཤད་གནང་བ་རེད། 

ཚོགས་ར།
          ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཞིང་ལས་དང་གྲོང་གསེབ་པུའུ་དང་། རྒྱལ་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས། དེ་བཞིན་ཞིང་འབྲེལ་ཁེ་ལས་བཅས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་བོད་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ནི་དཔལ་འབྱོར་ལས་དོན་དང་དམངས་འཚོའི་ལས་དོན་ཞིག་ཡིན་ལ། ཆབ་སྲིད་ཀྱི་ལས་དོན་ཞིག་དེ་བས་ཡིན། འདི་ཉིད་མི་རིགས་ཁག་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུ་དང་འབྲེལ་བ་ཡོད་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དང་དེ་བས་འབྲེལ་བ་ཡོད་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་དང་འབྲེལ་བ་ཡོད་པས། ངེས་པར་དུ་བརྒྱུད་རིམ་ལྡན་པའི་བསམ་བློར་བརྟེན་ནས“ཞིང་གསུམ”གནད་དོན་ལ་ལྟ་སྟངས་འཛིན་དགོས། ཞིང་ལས་དང་གྲོང་གསེབ་པུས་བོད་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ལས་དོན་ལ་སྔར་རྒྱུན་བཞིན་དོ་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ང་ཚོར་གཟན་རྩྭ་འདེབས་རྒྱུ་འཚམ་སར་སྤུས་ལེགས་ཀྱི་གཟན་རྩྭ་འདེབས་པ་དང་། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་རྗེས་ཀྱི་སྔར་ཡོད་ས་ཆ་དང་རྩྭ་ར་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གྲོང་གསེབ་དར་རྒྱས་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་མཛུབ་ཁྲིད་དང་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཚོགས་ར།
          ཐང་རེན་ཅན་གྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་ཞིང་ལས་དང་གྲོང་གསེབ་ཀྱི་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པར་བོད་ལྗོངས་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་སྟངས་འཛིན་ཡང་དག་བྱེད་པ་དང་འཇུག་གཞི་དང་ཤུགས་རྒྱག་ས་གནད་འཁེལ་བཙལ་ཏེ་བོད་ལྗོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བསམ་ཕྱོགས་གསར་པ་ཇུས་འགོད་དང་བྱེད་ཐབས་གསར་པ་བཟོས་ནས་ཡར་རྒྱས་གསར་པ་ཡོང་བ་བྱེད་དགོས་ཤིང་། ངེས་པར་དུ་དམངས་འཚོའི་བྱ་བ་དངོས་རེ་རེ་བཞིན་ཡག་པོ་བསྒྲུབས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་གཏོང་དགོས་པ་དང་། ངེས་པར་དུ་ཞིང་འབྲོག་ལས་དེང་རབས་ཅན་ལ་གང་མགྱོགས་འགྱུར་རྒྱུ་དེ་བོད་ལྗོངས་ཀྱི་ཕྱོགས་ཡོངས་དེང་རབས་ཅན་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ནས་ཁྲོམ་རའི་དཔལ་འབྱོར་གྱི་འདུ་ཤེས་དང་། སྔོན་ཐོན་དོ་དམ་གྱི་འདུ་ཤེས། སྤྱོད་གོ་ཆོད་པའི་ལག་རྩལ་དང་དེང་རབས་ཀྱི་ཐོན་སྐྱེད་རྒྱུ་ཆ་བཅས་དེ་བས་མང་བ་ནང་འདྲེན་བྱས་ཏེ་བོད་ལྗོངས་ཀྱི་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། ངེས་པར་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཞིང་འབྲོག་ཁུལ་འཛུགས་སྐྲུན་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཉིས་ཀ་མཉམ་དུ་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།


ཚོགས་ར།
          ཚོགས་འདུའི་ཐོག བོད་ལྗོངས་དང་། ཐེན་ཅིན། ཧུའུ་པེ་བཅས་ཀྱི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་དང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཞིང་ལས་ཐོན་རྫས་ལས་སྣོན་སུའོ། རྒྱལ་ཡོངས་འབྲོག་ལས་སྤྱི་ཁྱབ་ས་ཚིགས་བཅས་དང་ལྷ་ས་དང་ཉིང་ཁྲིའི་འབྲེལ་ཡོད་འགན་འཁུར་བས་སྤེལ་རེས་གཏམ་བཤད་གནང་བ་རེད། ཧྲོའུ་ནུང་བཟའ་བཅའ་ཚོགས་པ་སོགས་ཁེ་ལས་10ཡིས་རང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་དང་ཁེ་ལས་དང་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་རྣམ་གྲངས་དེ་ནས་འདེབས་གསོའི་ལས་སྣོན་དང་བྲིན་ཚོང་། དེ་བཞིན་བོད་ཕག་དང་བོད་བྱ་གསོ་ཚགས། གཟན་རྩྭ་འདེབས་འཛུགས། གྲོང་གསེབ་ཡུལ་སྐོར་སོགས་དང་འབྲེལ་བ་ཡོད་པ་རེད། 
རྩོམ་སྒྲིག་པ། བསྟན་ཆོས།