དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ལྗོངས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་བརྗོད་དོན་དུ་བྱས་པའི་རྩོམ་བསྡུའི་བརྡ་ཐོ།

སྤེལ་དུས 2021-03-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          དབུལ་བྲལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བར་ཀྲུང་ཧྭ་མི་རིགས་ཀྱི་ཤེས་རིག་ལོ་རྒྱུས་དང་ཐ་ན་འཛམ་གླིང་གི་ཤེས་རིག་ལོ་རྒྱུས་ཀྱི་ཐོག་ཏུའང་དོན་སྙིང་ཟབ་མོ་ལྡན།
          བོད་རང་སྐྱོང་ལྗོངས་ཀྱིས་དབུལ་སྐྱོར་ནས་དབུལ་པོ་ཉུང་གཏོང་དང་། དེ་ནས་དབུལ་སྒྲོལ་གྱི་བར་དུ་ཐོལ་བརྒལ་བྱས་ཏེ། ལོ་རྒྱུས་རང་བཞིན་གྱི་བལྟོས་མེད་དབུལ་ཕོངས་མེད་པར་བཟོས་ནས། རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་པ་དེས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གསོན་ཤུགས་དང་གསར་སྐྲུན་གྱི་ནུས་པ་བླ་མེད་མངའ་བ་ར་སྤྲོད་གང་ལེགས་བྱས་ཡོད། དབུལ་སྒྲོལ་གྱི་ལམ་བུའི་ཐོག་ཏུ་མི་སྒེར་དང་དུད་ཚང་། གཞིས་ཁུལ། གྲོང་ཚོ་བཅས་ཚང་མ་ནི་རླབས་ཆེན་གྱི་གསར་གཏོད་པ་དང་། ལག་ལེན་པ་དང་། དཔང་པོ་བཅས་ཡིན།
          འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་སྐབས་འདིར། བོད་ལྗོངས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་བརྗོད་དོན་དུ་བྱས་པའི་རྩོམ་བསྡུའི་བྱེད་སྒོ་ཆེད་དམིགས་ཀྱིས་སྤེལ་ཏེ། བོད་ལྗོངས་འཕེལ་རྒྱས་སུ་གཏོང་བའི་བྱ་གཞག་ལ་བྱས་རྗེས་འཇོག་མཁན་རྣམ་པ་དང་དབུལ་བྲལ་འགག་སྒྲོལ་གྱི་གཏམ་རྒྱུད་གསོན་ཉམས་ལྡན་པ་དག་འཚོལ་སྡུད་ཀྱིས་དུས་རབས་ཀྱི་འཕོ་འགྱུར་དང་བློས་གཏོང་གི་སྙིང་སྟོབས་ལོ་རྒྱུས་དེབ་ཐེར་དུ་དགོད་པར་བྱའོ། ། 
          གཙོ་སྒྲུབ་ལས་ཁུངས།
          ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།
          རྩོམ་བསྡུའི་རྒྱབ་ལྗོངས།
          2021ལོར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས(དེ་སྔའི་ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང)ཀྱིས་བོད་ལྗོངས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་མཚོན་པའི་དཔེ་དེབ(རྒྱ་ཡིག)གལ་ཆེན་ཞིག་རྩོམ་སྒྲིག་དང་དཔར་སྐྲུན་བྱ་འཆར་ཡོད་པར། བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ7གྱི་རྫོང74ཡིས་དབུལ་སྐྱོར་ནས་དབུལ་པོ་ཉུང་གཏོང་དང་། དེ་ནས་དབུལ་སྒྲོལ་བྱས་པའི་འཕོ་འགྱུར་ཆེན་པོ་དག་གཏམ་རྒྱུད70ལ་བརྒྱུས་ནས་བརྗོད་པ་བརྒྱུད། ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་བྱས་པར་རྒྱལ་ཁ་ཐོབ་པ་མངོན་པར་མཚོན་རྒྱུ་ཡིན།
          དུས་ཚོད།
          དེ་རིང་ནས་བཟུང་སྟེ2021ལོའི་ཟླ5པའི་ཚེས1ཉིན་གྱི་བར།
          བརྗོད་བྱ།
          བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ7གྱི་ལས་རིགས་སོ་སོ་དང་ཁྱབ་ཁོངས་ཁག་ལ་ཕྱོགས་ནས་རྩོམ་ཡིག་བསྡུ་རྒྱུ་ཡིན་ཏེ།  ཞིང་ཁུལ་དང་འབྲོག་ཁུལ། མཐའ་མཚམས་སོགས་གཙོ་གནད་ས་ཁུལ་གྱི་དབུལ་བྲལ་འགག་སྒྲོལ་དངོས་སུ་བརྒྱུད་མྱོང་མཁན་དང་། གཞི་རིམ་གྲོང་སྡོད་ལས་བྱེད་མི་སྣ། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་བྱེད་མི་སྣ། གཞི་རིམ་དྲིལ་སྒྲོག་པ་སོགས་གཙོ་གནད་མི་སྣ་དག་གི་མཐོང་ཐོས་མྱོང་གསུམ་དུ་གྱུར་པའི་དབུལ་བྲལ་འགག་སྒྲོལ་གྱི་གཏམ་རྒྱུད་དངོས་བརྗོད་པ། དེ་བཞིན་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་། དམངས་འཚོ་ལེགས་བཅོས། སྐྱེ་ཁམས་ལེགས་བསྒྱུར། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་རྒྱས་གཏོང་བ་སོགས་ཀྱི་ཐད་ནས་བོད་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་དབུལ་སྒྲོལ་ཕྱུག་འགྱུར་བྱས་པ་ལས་བྱུང་བའི་ཐོབ་སྣང་དང་སྐྱིད་སྣང་མཚོན་པ།
          བླང་བྱ།
          གཅིག བརྩམས་ཆོས་ཀྱི་བརྗོད་བྱ་བོད་ལྗོངས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་དངོས་དང་མཐུན་ཞིང་དྲང་ནུས་མངོན་པར་བརྗོད་པ། རྗོད་བྱེད་ཚིག་ལ་གསོན་ཉམས་ལྡན་པ་དང་རྩོམ་རིག་གི་ཉམས་འབུར་དུ་ཐོན་པ། 
          གཉིས། བརྩམས་ཆོས་ངེས་པར་དུ་དེབ་དང་དྲ་ཚིགས་གང་རུང་དུ་མ་བཀོད་པ།
          གསུམ། དངོས་བྲིས་གསར་འགྱུར་དང་མི་སྣ་ཞིབ་འབྲི་བྱེད་པ་གཙོར་བཟུང་སྟེ་འབོད་པའི་ཐ་སྙད་དང་པོ་སྤྱད་ན་རབ་ཡིན་ལ། རྩོམ་སྟངས་བབ་ཆགས་ཤིང་གསོན་ཉམས་ལྡན་པ་དང་བརྩེ་བའི་དྲོད་ཀྱིས་ཕྱུག་པ། 
          བཞི།  ཡིག་འབྲུ1500ནས3000བར་ཡིན་པ་དགོས་པ་དང་། འགྲེལ་བཤད་དང་བཅས་པའི་པར་རིས2ནས5ཡོད་པ།
          ལྔ། རྩོམ་ཡིག་སྐུར་མཁན་གྱིས་བརྩམས་ཆོས་སུ་མི་གཞན་གྱི་རྩོམ་ཡིག་བདག་དབང་དང་། འདྲ་པར་བདག་དབང་། མིང་གྲགས་ཐོབ་དབང་། གསང་བའི་བདག་དབང་སོགས་ཚུད་པའི་ཁྲིམས་མཐུན་གྱི་ཁེ་དབང་ལ་གནོད་པ་མི་ཐེབས་པར་ཁག་ཐེག་བྱ་དགོས། རྩོམ་ཡིག་དང་རྩོམ་ཡིག་བསྐུར་བའི་ལས་ཀའི་ཁྲོད་བྱུང་བའི་མཇུག་འབྲས་དང་འགན་འཁྲི་ཡོད་ཚད་རྩོམ་ཡིག་སྐུར་མཁན་གྱིས་འཁུར་དགོས།
          རྟིང་སྐུལ།
          གཅིག  རྩོམ་ཡིག་ཕུལ་དུ་བྱུང་བ་དག་བོད་ལྗོངས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་བརྗོད་དོན་དུ་བྱས་པའི་དཔེ་དེབ(རྒྱ་ཡིག)ནང་དགོད་རྒྱུ་ཡིན་པ་དང་། བརྩམས་ཆོས་གཞན་དག་གཙོ་སྒྲུབ་ལས་ཁུངས་ཀྱི་དུས་དེབ་དང་དྲ་རྒྱའི་ཐོག་ཏུ་སྤེལ་རྒྱུ།
          གཉིས། རྩོམ་ཡིག་ཕུལ་དུ་བྱུང་བ་དག་ལ་བོད་ལྗོངས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་བརྗོད་དོན་དུ་བྱས་པའི་དཔེ་དེབ(རྒྱ་ཡིག)ཀྱི་རྩོམ་ཡོན་གྱི་ཚད་གཞི་ལྟར་རྩོམ་ཡོན་སྤྲད་རྒྱུ་ཡིན་པ་དང་། བརྩམས་ཆོས་གཞན་དག་ལ་གཙོ་སྒྲུབ་ལས་ཁུངས་ཀྱི་རྩོམ་ཡོན་གྱི་ཚད་གཞི་ལྟར་རྩོམ་ཡོན་སྤྲད་རྒྱུ། 
          གསུམ། བསྡུ་ལེན་བྱས་པའི་རྩོམ་ཡིག་གི་རྩོམ་པ་པོ་ཚང་མར་བོད་ལྗོངས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་བརྗོད་དོན་དུ་བྱས་པའི་དཔེ་དེབ(རྒྱ་ཡིག)གཅིག་དང་།  གཟི་བརྗིད་དཔང་ཡིག་དང་།  བཀའ་དྲིན་ཞུ་ཡིག་བཅས་སྤྲད་རྒྱུ།
བརྩམས་ཆོས་བསྐུར་ཡུལ།
          ཡིག་ཟམ། tuopincjzg@163.com
          བརྩམས་ཆོས་བསྐུར་དུས་སུ་ཁ་བྱང་ལ“‘西藏脱贫攻坚成就’征稿” ཞེས་འབྲི་དགོས་པ་དང་། རྩོམ་གྱི་མཇུག་ཏུ་རྒྱ་ཡིག་གི་ལམ་ནས་རྩོམ་པ་པོའི་མཚན་དང་།  ལས་ཁུངས།  འབྲེལ་གཏུག་གནས་ཡུལ།   ཁ་པར་ཨང་གྲངས་སོགས་གསལ་པོར་འབྲི་དགོས། 
          དཔྱད་འདེམས་བྱ་ཐབས
          གཙོ་སྒྲུབ་ལས་ཁུངས་ཀྱིས་ཆེད་མཁས་པ་རྩ་འཛུགས་བྱས་ནས་རྩོམ་ཡིག་ལ་དཔྱད་བསྡུར་བྱ་རྒྱུ།
          དོན་ཚན་གཞན་དག
          གཅིག  བྱེད་སྒོའི་སྒྲིག་སྲོལ་ལ་འགྲེལ་བཤད་རྒྱག་པའི་དབང་ཆ་གཙོ་སྒྲུབ་ལས་ཁུངས་ལ་དབང་བ།
          གཉིས། གཙོ་སྒྲུབ་ལས་ཁུངས་ལ་བྱེད་སྒོའི་འཕེལ་རིམ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་བྱེད་སྒོའི་ཞིབ་ཕྲའི་གནས་ཚུལ་བཀོད་སྒྲིག་བྱེད་པའི་དབང་ཆ་ཡོད་པའོ། །