དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སྐར་མ་མིག་དམར་གྱི་གཞོགས་ངོས་འདྲ་པར་ཡོངས་བསྒྲཊ་བྱས་པ།

སྤེལ་དུས 2021-03-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           སྤྱི་ཚེས་26ཉིན། རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུད་ཀྱིས་རང་རྒྱལ་གྱི་མིག་དམར་འཚོལ་ཞིབ་ལས་འགན་ཐོག་མ་སྒྲུབ་མཁན་འཚོལ་ཞིབ་བྱེད་ཆས་གནམ་འདྲི་དང་པོ་རྟགས་ཅན་གྱིས་བླངས་པའི་སྐར་མ་མིག་དམར་གྱི་ཕྱེད་ལྷོ་མ་དང་བྱང་མའི་གཞོགས་ངོས་ཀྱི་པར་རིས་ཁག་2ཡོངས་བསྒྲགས་བྱས་ཡོད། པར་རིས་ཁྲོད་ཀྱི་སྐར་མ་མིག་དམར་ནི་ཟླ་ཕྱེད་དབྱིབས་དང་འདྲ་ཞིང་དེའི་ཕྱི་ངོས་ཀྱི་རི་མོ་གསལ་པོར་མཐོང་ཐུབ།
           འཚོལ་ཞིབ་བྱེད་ཆས་གནམ་འདྲི་དང་པོ་རྟགས་ཅན་གྱིས་སྐར་མ་མིག་དམར་དང་བར་ཐག་སྤྱི་ལེ་ཁྲི་1.1ཡོད་པའི་ས་ནས་དབྱེ་འབྱེད་ནུས་པ་འབྲིང་བའི་པར་ཆས་(中分辨率相机)སྤྱད་དེ་སྐར་མ་མིག་དམར་ཧྲིལ་པོ་པར་དུ་བླངས་ཡོད། པར་ལེན་བཞིན་པའི་སྐབས་དེར་འཚོལ་ཞིབ་བྱེད་ཆས་དེ་མིག་དམར་གཞོགས་ངོས་ཀྱི་རྒྱབ་དབྱིངས་སུ་གནས་(ཉིན་མར་ཁ་ཕྱོགས་པ་དེ་མདུན་ཕྱོགས་ཡིན་པ་གཞིར་བྱས་པ)ཡོད་པས། དེས་སྐར་མ་མིག་དམར་གྱི་གཞོགས་ངོས་པར་དུ་བླངས་ཡོད་པ་རེད།

           ས་གོ་ལ་ཕྱེད་ལྷོ་མའི་མཁའ་དབྱིངས་ནས་མཐོང་བའི་མིག་དམར་གྱི་གཟུགས་བརྙན།
           ས་གོ་ལ་ཕྱེད་ལྷོ་མའི་གཟུགས་བརྙན་དེ་གནམ་འདྲི་དང་པོ་རྟགས་ཅན་གྱིས་དབྱེ་འབྱེད་ཚད་འབྲིང་བའི་པར་ཆས་ཀྱིས་པེ་ཅིང་གི་དུས་ཚོད་སྤྱི་ལོ་2021ལོའི་ཟླ་3ཚེས་16ཉིན་པར་བླངས་པ་དང་། སྐབས་དེར་འཁོར་སྐྱོད་ཆས་ཀྱི་མཐོ་ཚད་ཕལ་ཆེར་སྤྱི་ལེ་ཁྲི་1.12ཙམ་ཟིན་གྱི་ཡོད།

           ས་གོ་ལ་ཕྱེད་བྱང་མའི་མཁའ་དབྱིངས་ནས་མཐོང་བའི་མིག་དམར་གྱི་གཟུགས་བརྙན།
           ས་གོ་ལ་ཕྱེད་བྱང་མའི་གཟུགས་བརྙན་དེ་གནམ་འདྲི་དང་པོ་རྟགས་ཅན་གྱིས་དབྱེ་འབྱེད་ཚད་འབྲིང་བའི་པར་ཆས་ལ་བརྟེན་ནས་པེ་ཅིང་གི་དུས་ཚོད་སྤྱི་ལོ་2021ལོའི་ཟླ་3ཚེས་18ཉིན་པར་བླངས་པ་དང་། སྐབས་དེར་འཁོར་སྐྱོད་ཆས་ཀྱི་མཐོ་ཚད་ཕལ་ཆེར་སྤྱི་ལེ་ཁྲི་1.15ཙམ་ཟིན་གྱི་ཡོད།

           མིག་སྔར་འཚོལ་ཞིབ་བྱེད་ཆས་གནམ་འདྲི་དང་པོ་རྟགས་ཅན་དེ་འཕུར་གྲུ་སོགས་ས་ཚིགས་ཀྱི་འཁོར་ལམ་དུ་འཁོར་སྐྱོད་བྱས་ནས་ཟླ་བ་གཅིག་ཙམ་འཁོར་བ་དང་། དེའི་དབྱེ་འབྱེད་ཚད་མཐོ་བའི་པར་ཆས་དང་། དབྱེ་འབྱེད་ཚད་འབྲིང་བའི་པར་ཆས། གཏེར་རྫས་འོད་ཤལ་དཔྱད་ཆས། སྐར་མ་མིག་དམར་གྱི་ནུས་ཚད་དབྱེ་ཞིབ་རིལ་རྡུལ་དཔྱད་ཆས། གྱེས་རྡུལ་དང་མ་ནིང་རིལ་རྡུལ་དབྱེ་ཞིབ་དཔྱད་ཆས། ཁབ་ལེན་རྩིས་ཆས་བཅས་སྔ་རྗེས་སུ་བེད་སྤྱད་དེ་སྐར་མ་མིག་དམར་ལ་འཚོལ་ཞིབ་ཚད་ལེན་བྱས་ནས་ཚན་རིག་གི་གྲངས་གཞི་མང་པོ་འཚོལ་བསྡུ་བྱས་ཡོད།
རྩོམ་སྒྲིག་པ། སྣང་རྡོར།