ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

སང་ལོ་ནས་བཟུང་ལོ་རེའི་ཟླ8པར་དུས་ཆེན་གཅིག་གིས་ཇེ་མང་དུ་འགྲོ་སྲིད།

སྤེལ་དུས 2021-10-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་བཅའ་ཁྲིམས་(བཟོ་བཅོས་འཆར་ཟིན)》དེ། ཚེས19ཉིན་གྱི་སྔ་དྲོར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པའི་ཚོགས་འདུའི་སྟེང་དུ་གྲོས་ཞིབ་བྱས།    
        བཟོ་བཅོས་འཆར་ཟིན་དུ་གསལ་པོར་བསྟན་དོན། རྒྱལ་ཁབ་ཀྱིས་དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་ནས། དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པའི་སྤྱི་བའི་ཞབས་ཞུའི་མ་ལག་སྐྲུན་རྒྱུ་དང་། སློབ་གྲྭས་ངེས་པར་དུ་ལུས་རྩལ་སློབ་ཚན་བཀོད་སྒྲིག་བྱེད་དགོས་ལ། ལུས་རྩལ་སློབ་ཁྲིད་ཀྱི་དུས་ཚོད་གཞན་ལ་མི་སྤྱོད་པར་འགན་ལེན་བྱ་དགོས་ཤིང་། ལོ་རེའི་ཟླ8པའི་ཚེས8ཉིན་ནི་རྒྱལ་ཁབ་གྱི་ལུས་རྩལ་དུས་ཆེན་ཡིན་པར་འཆར་འགོད་གཏན་འབེབས་བྱས། 
རྩོམ་སྒྲིག་པ། སྔང་རྡོར།