ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

བྱིས་པར་རིམས་འགོག་སྨན་ཁབ་རྒྱག་སྐབས་ཅ་ལག་འདི་དག་འཁྱེར་དགོས་འདུག

སྤེལ་དུས 2021-11-22 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          རིམས་འགོག་སྨན་ཁབ་རྒྱག་སྐབས་ཁྱིམ་བདག་གིས་ཅ་ལག་དེ་དག་འཁྱེར་དགོས་འདུག
          1.སློབ་གྲྭ་དང་བུ་བཅོལ་ཁང་གིས་སྔོན་ནས་སྤྲད་པའི་རིམས་འགོག་སྨན་ཁབ་ཀྱི་གནས་ཚུལ་རྒྱུས་ལོན་དང་མོས་མཐུན་ཡི་གེའི་ནང་གི་བྱིས་པ་དང་ཁྱིམ་བདག་གི་རུས་མིང་དང་། ཐོབ་ཐང་ལག་ཁྱེར་ཨང་གྲངས། ཁྱིམ་བདག་གི་འབྲེལ་གཏུགས་ཁ་པར་སོགས་མ་ནོར་བར་བྲིས་ནས་འཁྱེར་དགོས།

          2.བྱིས་པ་དང་ཁྱིམ་བདག་གི་ཐོབ་ཐང་ལག་ཁྱེར་འཁྱེར་དགོས།(གལ་ཏེ་བྱིས་པར་ཐོབ་ཐང་ལག་ཁྱེར་མེད་ན་ཐེམ་ཐོ་ཁྱེར་ན་ཆོག)

          3.བྱིས་པའི་སྔོན་འགོག་སྨན་ཁབ་བརྒྱབ་པའི་ལག་ཁྱེར་འཁྱེར་དགོས།

          4.བྱིས་པར་དམིགས་བསལ་གྱི་ནད་ཡོད་པའམ་ཡང་ན་སྨན་ཟ་བཞིན་ཡོད་ན། ནད་དེབ་དང་ཟ་བཞིན་པའི་སྨན་འཁྱེར་དགོས། དེས་སྨན་པར་རིམས་འགོག་སྨན་ཁབ་རྒྱག་དགོས་མིན་དབྱེ་བ་འབྱེད་པའི་ཁྱད་ཡོད།
          5.ཁ་རས་སོགས་བརྒྱབ་ནས་མི་སྒེར་གྱི་འགོག་སྲུང་མཁོ་ཆས་ཡག་པོ་འཁྱེར་དགོས།
          ཤ་ཚའི་དྲན་སྐུལ།
          ཁྱིམ་བདག་གིས་སྨན་ཁབ་རྒྱག་སར་བྱིས་པའི་བདེ་ཐང་གནས་ཚུལ་དང་དེ་སྔ་རིམས་འགོག་སྨན་ཁབ་གཞན་དག་རྒྱག་སྐབས་ཀྱི་མི་བདེ་བའམ་མི་འཕྲོད་པའི་གནས་ཚུལ་ཇི་མ་ཇི་བཞིན་བཤད་དེ་སྨན་ཁབ་རྒྱག་དགོས་མིན་དབྱེ་བ་འབྱེད་དགོས།
          སྨན་ཁབ་རྒྱག་པའི་ཉིན་དེར། ཁྱིམ་བདག་གིས་སྨན་ཁབ་རྒྱག་མཁན་དང་དེ་གར་ཡོད་པའི་ལས་ཀ་བྱེད་མཁན་ལ་གཞོགས་འདེགས་བྱས་ཏེ། རང་འགུལ་ངང་སྨན་ཁབ་རྒྱག་སའི་སྒྲིག་ལམ་ལ་བརྩི་སྲུང་ཞུ་དགོས་ཤིང་། རིམས་འགོག་སྨན་ཁབ་རྒྱག་སྐབས་ཁ་རས་ཡག་པོ་རྒྱག་དགོས་པ་དང་། བདེ་ཐང་ཨང་རྟགས་དང་གནས་ཡུལ་ཨང་རྟགས་སྟོན་པ། ཚ་བ་ལྟ་བ། མི་ཕན་ཚུན་སྨི་གཅིག་གི་བར་ཐག་འཇོག་པ་སོགས་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས། རིམས་འགོག་སྨན་ཁབ་བརྒྱབ་ཚར་རྗེས། ངེས་པར་དུ་རང་སར་སྐར་མ30བསྡད་ནས་མི་བདེ་བ་ཡོད་མེད་ལྟ་དགོས་ལ། གཟུགས་པོའི་བདེ་ཐང་གི་གནས་ཚུལ་དང་གཟུགས་པོའི་དྲོད་ཚད་རྒྱུན་ལྡན་ལྟར་ཡིན་མིན་ལྟ་དགོས། 
རྩོམ་སྒྲིག་པ། སྣང་རྡོར།