ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

▶ཏང་རྟགས་སྟོན་པའི་ཨ་ཁུ་འདིའི་བྱ་སྤྱོད་ལ་ཡི་རང་ཞུ།

སྤེལ་དུས 2022-01-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

སྤྱི་ཟླ་1ཚེས་1ཉིན་དྲ་གྲོགས་ཤིག་གིས་བསྐུར་བའི་བརྙན་ཐུང་ལས།
ཁོང་རང་ཉིད་ཀྱི་མི་ཚེ་འདིར་བརྗེད་པར་དཀའ་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།
སྤྱི་ལོ་2021ལོའི་ཟླ་7ཚེས་2ཉིན།
དྲ་གྲོགས་ཁོང་དང་ཁོང་གི་གྲོགས་པོ་ཤིན་ཅང་དུ་ཡུལ་སྐོར་ལ་བསྐྱོད་ཅིང་།
ཨ་ཁེ་ཐའོ་རྫོང་མུ་སྐྱིད་ཤང་དུ་སླེབས་དུས།
སྟབས་མ་ལེགས་པར་རླངས་འཁོར་འདམ་ནང་ལྷུང་།
ཁོང་ཚོ་ཅི་བྱ་གཏོལ་བྲལ་དུ་གྱུར་སྐབས།
ས་གནས་དེ་གའི་འབྲོག་པ་གཉིས་འཕྲུལ་རྟར་བཞོན་ནས་འབྱོར།
ཁོང་ཚོའི་རླངས་འཁོར་འདམ་རྫབ་ལས་བདེ་བླག་ངང་འདོན་རོགས་གནང་།

ཁོང་ཚོས་རོགས་དངུལ་སྤྲོད་སྐབས།
འབྲོག་པ་དེ་གཉིས་ཀྱིས་དངུལ་མི་དགོས་ཟེར་བཞིན།
སྤོབས་སེམས་ཆེན་པོས་བྲང་ཁའི་ཏང་ཡོན་གྱི་མཚན་རྟགས་བསྟན།
བྱ་སྤྱོད་འདིས་ཡུལ་སྐོར་བ་ན་གཞོན་དེ་དག་ལ་སེམས་འགུལ་ཆེན་པོ་ཐེབས།
ཁོང་གིས་ཏང་ཡོན་གྱི་མཚན་རྟགས་ཕྱིར་མངོན་པའི་སྐབས་དེར།
སེམས་འགུལ་ཐེབས་བྱུང་ཞེས་བརྗོད།

དྲ་གྲོགས་མང་པོ་ཞིག་གིས།
“བབ་ཆགས་ཤིང་མི་སེམས་ལ་དྲོ་སྣང་སྦྱིན་བྱུང་ཞེས་གདེང་འཇོག་བྱས།
རྩོམ་སྒྲིག་པ། སྣང་རྡོར།