ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ཉིང་སྐྱུར་བཤེར་འཇལ་གྱི་རིན་གོང་ཡང་བསྐྱར་ཇེ་དམའ་རུ་གཏོང་རྒྱུ་རེད།

སྤེལ་དུས 2022-04-11 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཟླ4བའི་ཚེས8ཉིན་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་པྲོག་གསར་ནད་དུག་གི་ཉིང་སྐྱུར་བཤེར་འཇལ་གྱི་རིན་གོང་ཡང་བསྐྱར་ཇེ་དམའ་རུ་གཏོང་རྒྱུ་རེད།

        རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས། མང་ཚོགས་ཀྱི་སྨན་སྨན་བཅོས་ཞབས་ཞུའི་དགོས་མཁོ་སྐོང་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་དང་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས《པྲོག་གསར་ནད་དུག་གི་ཉིང་སྐྱུར་བཤེར་འཇལ་གྱི་མཛུབ་ཁྲིད་རིན་གོང་ཇེ་དམའ་རུ་གཏོང་བའི་སྐོར་གྱི་བརྡ་ཐོ》འགྲེམས་སྤེལ་བྱས་ཤིང་། ཟླ4བའི་ཚེས8ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་པྲོག་གསར་ནད་དུག་གི་ཉིང་སྐྱུར་བཤེར་འཇལ་གྱི་རིན་གོང་ཡང་བསྐྱར་དམའ་རུ་གཏོང་རྒྱུ་རེད། 
        《བརྡ་ཐོའི》ནང་པྲོག་གསར་ནད་དུག་གི་ཉིང་སྐྱུར་བཤེར་འཇལ་གྱི་མཛུབ་ཁྲིད་རིན་གོང་དེ་རྣམ་གྲངས་རེར་སྒོར28ལ་ལེགས་སྒྲིག་བྱེད་པ་དང་། མི10ཅན་དང་མི5ཅན་གྱི་མཉམ་བསྲེས་ཞིབ་བཤེར་ལ་གཅིག་གྱུར་གྱིས་མི་རེར་སྒོར8ལ་ལེགས་སྒྲིག་བྱེད་དགོས། རིན་གོང་ཐད་གཏན་འཁེལ་བྱས་མེད་པའི་སྨན་ཁང་རིམ་པའི་ཆེས་མཐོ་བའི་རིན་གོང་དེ་གོང་གི་བརྡ་ཁྱབ་དེ་གཞི་འཛིན་དགོས་པ་མ་ཟད། རིན་གོང་དེ་ལས་ཇེ་མཐོར་བཏང་མི་ཆོག་པ་དང་རིན་གོང་ཇེ་དམའ་རུ་གཏོང་བར་ཚད་བཀག་མེད་ཅིང་། མི་སྒེར་གྱིས་པྲོག་གསར་ནད་དུག་གི་ཉིང་སྐྱུར་བཤེར་འཇལ་བྱེད་པར་གཞུང་བཙུགས་སྨན་ཁང་གིས་སྒོ་བསྟེན་སྨན་ཁང་གི་བརྟག་དཔྱད་འགྲོ་གྲོན་བླངས་མི་ཆོག་པ་དང་། རིན་མེད་སྒོས་ཤོག་ངོས་ཀྱི་སྙན་ཞུ་མཇུག་འབྲས་མཁོ་འདོན་བྱེད་དགོས་པ་བསྟན། 
རྩོམ་སྒྲིག་པ། སྣང་རྡོར།