ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

འབུ་འདི་རིགས་ཀྱིས་སོ་བརྒྱབ་ཚེ་འཆི་བའི་ཉེན་ཁ་ཡོད་པས་གཟབ་རོགས།

སྤེལ་དུས 2022-06-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
          དབྱར་དུས་སུ་སླེབས་པ་དང་བསྟུན་ནས། འབུ་སྦྲང་རིགས་སྣ་ཚོགས་ཀྱང་མང་པོ་ཐོན་གྱི་ཡོད། དེའི་ཁྲོད་དུ་འབུ་ཆུང་ཆུང་ཞིག་རྟག་ཏུ་རྩི་ཤིང་ལོ་འདབ་རྒྱས་སར་གནས་པ་དང་། སྒྲ་མེད་སྣང་མེད་ངང་མི་ལུས་ལ་འཛུལ་ནས་ཁྲག་འཇིབ་པ་དང་། ཚབས་ཆེ་བའི་སྐབས་མིའི་སྲོག་ལ་ཉེན་ཁ་བཟོ་གི་ཡོད། འབུ་དེ་རིགས་ནི་གཡན་འབུ་རེད། 

          གཡན་འབུས་སོ་བརྒྱབ་རྗེས་ཅིའི་ཕྱིར་སྲོག་ཉེན་ཡོད་དམ། 
          གཡན་འབུའི་གཟུགས་ཕུང་ཆུང་ན་ཡང་མི་ཕྱུགས་ཀུན་ལ་ཕོག་པའི་ནད་རིགས་མང་པོའི་བརྒྱུད་མཆེད་བྱེད་མཁན་དང་རྟེན་གནས་ཡིན། དེའི་ལུས་སྟེང་དུ་ནད་སྲིན་རིགས་མང་པོ་འཁྱེར་ཡོད་དེ། དཔེར་ན་ནགས་ཚལ་ཀླད་ཚད་ནད་དུག་དང་། ཁྲག་དོན་ཚ་རྒྱས་ནད་དུག བྱི་རིམས་དབྱུག་སྲིན། པུའུ་ལུའུ་ཧྲི་སྲིན་སོགས་རེད། 
          གཡན་འབུ་ཇི་ལྟར་སྔོན་འགོག་བྱེད་དགོས། 
          དབྱར་དུས་གལ་ཏེ་ནགས་ཚལ་དང་རྩྭ་གསེང་དུ་ངེས་པར་དུ་འགྲོ་དགོས་བྱུང་ཚེ། ལྭ་རིང་དང་དོར་རིང་གྱོན་དགོས། གནས་གཅིག་ཏུ་ཡུན་མི་སྡོད་པ་དང་། ཡར་ལངས་ནས་འགྲོ་སྐབས་སྤྲུག་སྤྲུག་བྱས་ནས་ལུས་སུ་གཡན་འབུ་མི་འགོ་བ་བྱེད་དགོས། 
          གཡན་འབུས་སོ་བརྒྱབ་རྗེས་ལག་པས་ཐད་ཀར་གསོད་རུང་ངམ། 
          གལ་ཏེ་གཡན་འབུས་སོ་བརྒྱབ་རྗེས། ཐད་ཀར་རྡེབ་ནས་གསོད་མི་རུང་ལ་བཙན་གྱིས་འཐེན་ཡང་མི་རུང་། རྒྱུ་མཚན་ནི་གཡན་འབུས་སོ་བརྒྱབ་རྗེས་མཆུ་མཚོན་མིའི་སྐྱི་མོར་ཟུག་ཡོད་པ་དང་། གལ་ཏེ་ལག་པས་རྡེབ་ནས་བསད་པའམ་ཤུགས་ཀྱིས་འཐེན་ཚེ། འབུའི་ལུས་སྟེང་ནས་དུག་གཤེར་དེ་བས་མང་པོ་ཟགས་པ་མ་ཟད་གཡན་འབུའི་མགོ་བོ་མི་ལུས་སུ་ལུས་ཏེ་དུག་འགོ་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་ཡིན། 
          གཡན་འབུས་སོ་བརྒྱབ་རྗེས་ཅི་ལྟར་ཐག་གཅོད་བྱེད་དགོས། 
          སྔོན་ལ་ཆང་བཅུད་ཀྱིས་གཡན་འབུ་སྦྲིད་དུ་འཇུག་དགོས་པ་དང་། དེ་རྗེས་འཇབ་ཙེ་ཡིས་དེའི་མགོ་བོ་བཅུར་ནས་ཕྱིར་འཐེན་དགོས། དེ་ནས་རྨ་ཁར་དུག་གསོད་བྱེད་དགོས་པ་དང་། དགོས་ངེས་ཀྱི་སྐབས་སུ་དུས་ཐོག་ཏུ་སྨན་པར་བསྟེན་དགོས། 
རྩོམ་སྒྲིག་པ། སྣང་རྡོར།