ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

▶བརྙན་ཤེལ་ལྟེབ་ཐུབ་པའི་ཁ་པར་ལ་ཚན་རྩལ་གསར་པ་གང་དག་ཡོད་དམ།

སྤེལ་དུས 2022-06-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
          ད་ཆ་རིག་ནུས་ལག་ཐོགས་ཁ་པར་ང་ཚོས་བྲལ་ཐབས་མེད་པའི་གྲོགས་པོ་ལྟ་བུར་གྱུར་ཡོད།  
          བརྙན་ཤེལ་ལྷག་ཏུ་ཆེ་བ་དང་། ཕན་ནུས་སྔར་བས་ཆེ་བའི་བརྙན་ཤེལ་ལྟེབ་རུང་ཁ་པར་ཚོང་རར་སླེབས་པ་མ་ཟད་མང་ནས་མང་དུ་འགྲོ་བཞིན་ཡོད།

          བརྙན་ཤེལ་ལྟེབ་རུང་ཁ་པར་གསར་སྒྱུར་གོང་སྤེལ་བྱེད་པ་ལ། ལག་རྩལ་གྱི་འགག་སྒོ་འགའ་བརྒྱུད་དགོས།  བརྙན་ཤེལ་སྔར་བས་ངོས་སྙོམ་པོ་ཡོང་ཐུབ་བམ། ལྗིད་ཚད་སྔར་བས་ཡང་དུ་གཏོང་ཐུབ་བམ། ཁ་པར་གང་འདྲ་བྱས་ན་གཞི་ནས་བརྟན་པོ་ཡོང་ཐུབ་ཅེ་ན།  ཉེ་བའི་ལོ་ཤས་རིང་།  རང་རྒྱལ་གྱི་ཁ་པར་བཟོ་གྲྭ་མང་པོ་ཞིག་གིས་ལག་རྩལ་གྱི་དཀའ་གནད་འདི་དག་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་ཀྱི་ཡོད།

          ཕྱིའི་རྒྱུ་ཆ་འདེམས་པ་དང་ནང་གི་གྲུབ་ཆ་སྐྲུན་པའི་བར། ལག་རྩལ་གསར་པ་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱེད་ཀྱི་ཡོད།
          ཕྱིན་ཆད་བརྙན་ཤེལ་ལྟེབ་ཏུང་ཁ་པར་ཕྱོགས་གང་ལ་འཕེལ་སྲིད་དམ།
          གཤམ་གྱི་བརྙན་ལ་བལྟས་ནས་མཉམ་དུ་རྒྱུས་ལོན་བྱེད་དང་།

རྩོམ་སྒྲིག་པ། སྣང་རྡོར།