ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

བྱིས་པར་རྡོག་ཐོ་བཞུས་པས་རྨས་སྐྱོན་ཕོག་སྟེ་ཚེ་ལས་འདས།

སྤེལ་དུས 2022-06-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       ཀོང་ཀྲུའུ་ཐེན་ཧའོ་སྤྱི་བདེའི་གཞུང་ཕྱོགས་པོད་ཕྲན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5པའི་ཚེས་25ཉིན་གྱི་ཆུ་ཚོད་13པར། ཀོང་ཀྲུའུ་ཐེན་ཧའོ་ཁུལ་གྱི་སྔ་སློབ་སྒྲིག་གཞི་ཞིག་གི་འགན་འཁུར་བ་ཝང་ཆེ་གེ་མོས་(མོ། ལོ་48ཡིན།)བྱིས་པ་ཧོང་ཆེ་གེ་མོར་(ལོ་7ཡིན།)སློབ་གསོ་རྒྱག་སྐབས་རྡོག་ཐོག་བརྒྱབ་ནས་བྱིས་པ་བསྒྱེལ་ཞིང་རྨས་ཏེ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་ཤིང་བྱིས་པ་དེའི་ཀླད་ཁྱིམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
       ཟླ་5པའི་ཚེས་26ཉིན། བྱིས་པ་དེའི་ཨ་མས་ཐེན་ཧའོ་ཉེན་རྟོག་ལ་ཉེན་བརྡ་བསྐྱལ་བས། ཉེན་རྟོག་པ་དུས་ཐོག་ཏུ་ས་གནས་ས་ཐོག་ཏུ་ཕྱིན་ནས་དོགས་ཅན་ཝང་ཆེ་གེ་མོ་བཀག་སྡོམ་བྱས་པ་རེད། ཟླ་6པའི་ཚེས་20ཉིན་གྱི་ཐོ་རངས་ལ་བྱིས་པ་དེ་སྐྱོབ་བཅོས་ལེགས་འགྲུབ་མ་བྱུང་པར་ཚེ་ལས་འདས་པ་རེད།
       ཞིབ་དཔྱོད་ལས་ཁུངས་ཀྱིས་ཆོག་མཆན་བཀོད་པ་བཞིན། ཝང་ཆེ་གེ་མོས་བསམ་བཞིན་དུ་རྨས་སྐྱོན་བཟོས་པའི་ཉེས་མིང་ཐོག་ཐེན་ཧའོ་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་འཇུ་བཟུང་བྱས་པ་རེད། མིག་སྔར་གྱོད་གཞི་ཐག་གཅོད་བྱེད་སྒང་ཡིན།

རྩོམ་སྒྲིག་པ། སྣང་རྡོར།