ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

ཏོག་གསར་ནད་པར་ཉེ་འབྲེལ་བྱུང་མིན་བརྟག་ཐབས་དང་བོད་ལྗོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ས་ཁྲ།

སྤེལ་དུས 2022-08-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
རང་ཉིད་ཏོག་གསར་གློ་ཚད་ནད་པར་ཉེ་འབྲེལ་བྱུང་མིན་སེམས་ཁྲལ་འདུག་གམ།
བྲེལ་བ་མ་གནང་དང་།
མགྱོགས་མྱུར་གྱི་བརྟག་ཐབས་ཤིག་ངོ་སྤྲོད་ཞུ་གི་ཡིན།
རྒྱལ་ཁབ་ཀྱི་སྲིད་དོན་ཞབས་ཞུའི་ལས་སྟེགས།
ལམ་གྲོགས་ཉེ་འབྲེལ་མི་སྣའི་རང་བཤེར་ཞབས་ཞུ་ཡིས་
བདེ་འཇགས་མྱུར་ཞིབ་བྱེད་ཐབས་སྟབས་བདེ་བཟོས་ཡོད།
རང་འགུལ་ངང་འགོག་སྲུང་བྱེད་པ་དང་བརྟག་དཔྱད་བྱས་ན་བློ་སེམས་བདེ།

ཞབས་ཞུའི་འཛུལ་སྒོ།
ལམ་གྲོགས་ཉེ་འབྲེལ་མི་སྣ།
རང་བཤེར་བྱེད་ཐབསས་འདི་ན་གསལ།
ལམ་གྲོགས་ཉེ་འབྲེལ་མི་སྣའི་རང་བཤེར་བྱེད་ཐབས།
        1.འཚོལ་བཤེར་གོ་རིམ།
        ཞབས་ཞུའི་ནང་འཛུལ་ནས་རང་ཉིད་འཚོལ་བཤེར་(查自己)ཞེས་པ་གནོན་དགོས། སྤྱོད་མཁན་ཐོ་ཞུགས་བྱས་རྗེས་རང་ཉིད་དང་ཏོག་གསར་གློ་ཚད་གཏན་འཁེལ་མི་སྣ་དང་། དོགས་མི་སྣ། ནད་རྟགས་མེད་པའི་ནད་པ་སོགས་དང་མཉམ་དུ་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་ཡོད་མེད་འདྲི་རྩད་བྱས་ཆོག
        དོ་སྣང་བྱེད་དགོས་པར། ཞབས་ཞུ་དེའི་ཐོག་མིང་ངོ་མ་བཀོད་ནས་དངོས་ཞུ་བྱས་པའི་སྤྱོད་མཁན་གྱིས་རང་ཉིད་ཀྱི་འབྲེལ་ཡོད་ཆ་འཕྲིན་འདྲི་རྩད་བྱེད་པར་སྤྱོད་པ་ཡིན། གཏོང་སྤྲོད་གསང་གྲངས་ནང་འཇུག་བྱེད་མི་དགོས། བཤེར་འབྲས་དེ་དཔྱད་གཞི་ཙམ་ལས་དེ་མིན་གྱི་གཞི་འཛིན་སར་བརྩི་རྒྱུ་མེད།
        མྱུར་དུ་གཉེན་ཉེ་དང་གྲོགས་པོ་ཚོར་བརྒྱུད་སྐུར་བྱས་ནས།
        རང་ཉིད་དང་ནང་མི་ཚོར་སྲུང་སྐྱོབ་ཡག་པོ་བྱེད་རོགས།
        བོད་ལྗོངས་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ས་ཁྲ།
        ཉེ་ཆར། བོད་ལྗོངས་ཤར་བགྲོད་(藏易通)བདེ་ཐང་ཨང་རྟགས་ལ་ཉིང་སྐྱུར་བརྟག་དཔྱད་འཚོལ་ཞིབ་བྱེད་པའི་ས་ཁྲའི་ནུས་པ་ལྡན་པར་བྱས་ཡོད། སྤྱོད་མཁན་གྱིས་གནས་ཐིག་དབང་སྤྲོད་བྱས་རྗེས་ཉེ་འཁོར་གྱི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་ཀྱི་གནས་ས་འཚོལ་ཐུབ་པ་མ་ཟད། ཁ་པར་གྱི་ས་ཁྲའི་མཉེན་ཆས་དང་སྦྲེལ་ནས་ཕྱོགས་སྟོན་བྱེད་དུ་བཅུག་ཆོག  དེའི་སྤྱོད་ཐབས་ཞིབ་ཕྲ་གཤམ་གསལ།
        1.ཐོག་མར་སྐད་འཕྲིན་ཐོག་ནས་བོད་ལྗོངས་ཤར་བགྲོད་ཞེས་པའི་གོ་རིམ་ཆུང་བ་འཚོལ་བཤེར་བྱས་ནས་མཐེབ་གནོན་བྱས་ཏེ་ནང་འཛུལ་བྱེད་དགོས།

        2.བོད་ལྗོངས་ཤར་བགྲོད་གཤམ་གྱི་དོ་སྣང་ཆེ་བའི་ཞབས་ཞུ་ཞེས་པའི་ངོས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་ལས་ཁུངས་འདྲི་རྩད་ཞེས་པར་འཛུལ་བ་དང་། ཉིང་སྐྱུར་བརྟག་དཔྱད་ས་ཁྲའི་ནང་ཞུགས་ནས་ཉེ་འགྲམ་གྱི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་འཚོལ་ཆོག

        3.བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་ཆ་མཚོན་ན། ས་ཁྲའི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་ལ་མནན་ཚེ་ཉིང་སྐྱུར་ས་ཚིགས་ཀྱི་ཆ་འཕྲིན་ཞིབ་ཕྲ་མངོན་ཐུབ་ཀྱི་ཡོད། དེའི་ནང་ནས་ཕྱོགས་སྟོན་མཐེབ་གནོན་མནན་ཚེ་ལག་ཐོགས་ཁ་པར་གྱི་ས་ཁྲའི་མཉེན་ཆས་དང་འབྲེལ་ནས་ཕྱོགས་སྟོན་བྱེད་ཀྱི་ཡོད།

རྩོམ་སྒྲིག་པ། སྣང་རྡོར།