དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཤུགས་སྔར་བས་འཕེལ།

སྤེལ་དུས 2021-03-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ལྷ་ས་གྲོང་ཁྱེར་གྱིས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་གི་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱས་པ།
         ཉེ་བའི་ལོ་ཤས་རིང་། ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཐང་ག་དང་། ལྷ་མོ། སྤོས་སོགས་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་བོད་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་ནུས་ལྡན་ཐུབ་པ་མ་ཟད། དེ་དག་ལ་དུས་ཀྱི་ཆུ་རྒྱུན་རིང་མོ་བརྒྱུད་སྔར་བཞིན་རིན་ཐང་ཆེན་པོ་ལྡན་ཡོད།
         རྒྱུན་འཛིན་འདུ་ཤེས་ཟབ་མོ་བཅངས་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་སྔར་བས་བརྟན་དུ་བཏང་བ།
         འདི་ལོ་ལོ་30ལ་སླེབས་པའི་ཟླ་བ་ཆོས་སྒྲོན་ནི་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་ཚན་ཁག་ནས་ཐོན་པ་དང་། བོད་ཀྱི་ལྷ་མོ་འཁྲབ་སྟོན་བྱས་ནས་ལོ་10ལྷག་ཙམ་སོང་ཡོད། ཁོ་མོས་རང་ཉིད་ནི་ལྷ་མོ་འཁྲབ་མཁན་གྱི་ཆེད་ལས་འཁྲབ་སྟོན་པ་ཞིག་ཡིན་པ་མ་ཟད། ད་དུང་ལྷ་མོ་དབྱིངས་པ་ཞིག་ཀྱང་ཡིན། ངའི་དྲན་ཤེས་ངོས་སུ་རང་ཉིད་ཉིན་རེ་ལས་མ་འདས་པར་ལྷ་མོར་དགའ་ཞེན་ཆེ་རུ་འགྲོ་བའི་ཚོར་སྣང་ཡོང་གི་འདུག་ཅེས་བརྗོད།
         ཟླ་བ་ཆོས་སྒྲོན་གྱི་བྱིས་དུས་ཀརྨ་དགོན་གསར་སྡེ་ཁུལ་གྱི་གུ་དོག་ལ་སྦུག་ཐག་རིང་བའི་སྲང་ལམ་དུ་བསྐྱལ་ཡོད། ཆུང་དུས་ནས་ཁོ་མོ་དང་ཁོ་མོའི་སྤོ་བོ་ལགས་ལྷ་ས་གྲོང་ཁྱེར་གྱི་ལྷ་མོ་འཁྲབ་སྟོན་བྱ་ཡུལ་ནོར་བུ་གླིང་ག་དང་རྫོང་རྒྱབ་ཀླུ་ཁང་སོགས་སུ་ཐེངས་མང་འགྲོ་མྱོང་ཡོད། ལྷ་མོའི་ཤུགས་རྐྱེན་བཟང་པོ་ཐེབས་པས། སློབ་ཆུང་ཐོན་རྗེས་བོད་ལྗོངས་ལྷ་མོ་ཚོགས་པར་ལྷ་མོ་འཁྲབ་མཁན་བསྡུ་གི་ཡོད་པ་ཤེས་འཕྲལ་ཁོ་མོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཐོ་འགོད་བྱས་ཏེ་ཡིག་རྒྱུགས་བཏང་བས་བདེ་བླག་ངང་རྒྱུགས་འཕྲོད།
         ལོ་13ལ་སླེབས་པའི་ཁོ་མོ་སི་ཁྲོན་ཞིང་ཆེན་སྒྱུ་རྩལ་སློབ་གྲྭར་ལྷ་མོ་འཁྲབ་རྩལ་སྦྱོང་བར་བསྐྱོད་པ་དང་། དུས་དེ་ནས་བཟུང་ཁོ་མོ་ལྷ་མོའི་སྒྱུ་རྩལ་གྱི་ལམ་བུར་སྐྱོད་འགོ་ཚུགས།
         ཉེ་བའི་ལོ་ཤས་རིང་། ལྷ་མོ་སོགས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ལྷ་ས་གྲོང་ཁྱེར་ལ་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཆེད་དོན་མ་དངུལ་སྒོར་ཁྲི་143བཏང་བ་དང་། དེའི་ནང་རྒྱུན་འཛིན་པའི་ཁ་གསབ་དངུལ་སྒོར་ཁྲི་39ཚུད་ཡོད་ཅིང་། དེ་དག་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་གསར་སྤེལ་ཐད་སྤྱད་ཡོད། 2020ལོའི་ཟླ་3པར། ལྷ་ས་གྲོང་ཁྱེར་རིག་གནས་ཅུས་མངོན་མིན་རིག་གནས་ཤུལ་བཞག་གཞུང་ལས་ཁང་གིས《ཆུ་ཤུར་གྱི་སྒྲ་སྙན་བཟོ་བའི་ལག་རྩལ》དང་། 《ཚ་ཚ་བཟོ་བའི་ལག་རྩལ》 《ཡངས་པ་ཅན་གྱི་སྲོལ་རྒྱུན་ཕྱུགས་ནད་བཅོས་ཐབས》སོགས་མངོན་མིན་རིག་གནས་ཤུལ་བཞག་ཁག་དགུ་འོས་སྦྱོར་རེ་ཞུ་བྱས་པ་དང་། ལྗོངས་རིག་གནས་ཐིང་གིས་གཤམ་སྤེལ་བྱས་པའི《རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་གསུམ་པའི་ཁྲིད་སྦྱོང་རྟེན་གཞི་རེ་ཞུ་འོས་སྦྱོར་བྱེད་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་གཞིར་བཟུང་། རིག་གནས་ཅུས་མངོན་མིན་རིག་གནས་ཤུལ་བཞག་གཞུང་ལས་ཁང་གིས་དུས་ཐོག་ཏུ་འབྲེལ་ཡོད་ལས་དོན་སྤེལ་བ་དང་། རྫོང་དང་ཆུས་ཁག་གིས་རེ་ཞུ་བྱས་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་འབྲེལ་ཡོད་ཁེ་ལས་དང་མཉམ་ལས་ཁང་གི་རེ་ཞུའི་དཔྱད་གཞིར་ཞིབ་དཔྱད་ཐོག་མར་བྱས་པ་དང་འབྲེལ། རེ་ཞུའི་ཆ་རྐྱེན་དང་འཚམ་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གནའ་བོའི་སྒྱུ་རྩལ་འཛུགས་སྐྲུན་མཛེས་རྩལ་ཀུང་སི་སོགས་ཁེ་ལས་དང་མཉམ་ལས་ཁང་13རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་གསུམ་པའི་ཁྲིད་སྦྱོང་རྟེན་གཞིར་རེ་ཞུ་བྱས་པ་རེད།
         སྲུང་སྐྱོང་བྱེད་ཐབས་གསར་པ་བཏོད་ནས་དུས་རབས་ཀྱི་བསམ་གཞིག་ཟབ་ཏུ་བཏང་བ།
         “འགྲོ་ཕན་གླིང”བོད་རིགས་ལག་ཤེས་ཐོན་རྫས་ཀྱི་སྤུས་རྟགས་ཚོང་ཁང་དུ་སྐྱོད་སྐབས། ཟོག་སྒྲོམ་དུ་བསྒྲིགས་པའི་འཇུན་པ་ཉ་གྲོང་གི་ཀོ་ཆས་དང་། ལྷ་སའི་སྲང་ལམ་ཚོང་ཁང་དུ་བསྒྲིགས་པའི་ཀོ་ཕིག པ་སྣམ་རྫོང་གི་ཞིང་པས་བཏགས་པའི་ཁ་གདན་སོགས་ཚོང་ཟོག་གིས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་ཕྲོགས། ཚོང་ཁང་གི་ཟུར་ཞིག་ཏུ་ལོ་28ལ་སླེབས་པའི་པེ་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་ནས་ཐོན་པའི་བདེ་གཡང་གིས། གློག་ཀླད་དུ་བོད་ལྗོངས་འགྲོ་ཕན་གླིང་རིག་གནས་མ་རྐང་ཚད་ཡོད་ཀུང་སིའི་གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞི་འབྲི་བཞིན་འདུག
         2019ལོའི་ལོ་མཇུག་ཏུ་ང་རང‘འགྲོ་ཕན་གླིང’ཚོགས་པར་ཞུགས་རྗེས། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་ལ་འབྲེལ་འདྲིས་བྱེད་པའི་གོ་སྐབས་རག་བྱུང་། ང་དང་ངའི་ཚོགས་པས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་འགན་འཁྲི་ལྕི་པོ་ཁུར་ཡོད་པ་མ་ཟད། དེ་ལས་གལ་ཆེ་བ་ཞིག་ལ་ང་ཚོས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་ཞིབ་འཇུག་དང་། འཚོལ་ཞིབ། གསེད་བཀྲོལ། ཞུན་བརྡར་བཅས་བྱས་ཏེ། 
         རིན་ཐང་ཡོད་པའི་ནང་དོན་ཡོད་དོ་ཅོག་ཟིན་ཐོར་བཀོད་པ་དང་སྲུང་སྐྱོང་བྱས་ཏེ། ཆེད་མངགས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་དེ་བཞིན་རྒྱུན་འཛིན་པའི་གཏམ་རྒྱུད་འཁོད་པའི་དེབ་གཅིག་བཟོས་ནས་ཕྱི་རབས་པ་རྣམས་ལ་རྩ་ཆེའི་རིག་གནས་ཀྱི་ཉིང་བཅུད་བཞག་སྟེ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་མ་ཟད། དེ་དག་རྒྱུན་འཛིན་ཐུབ་པ་བྱེད་ཀྱི་ཡིན”ཞེས་བདེ་གཡང་གིས་ནན་ཏན་ངང་བརྗོད།
         “འགྲོ་ཕན་གླིང”ནི་2020ལོའི་ཟླ་5པར་ལྷ་སར་སྒོ་བྱང་བཀལ་ཏེ“ཨ་ཅག་སློབ་ཁང་དང་སྡེ་ཁུལ་བཟོ་གྲྭ”བཙུགས་ནས། གཞོན་ནུའི་ལས་གཏོད་ལས་ཞུགས་ཀྱི་བར་མཐོངས་ཟམ་མི་ཆད་པར་རྒྱ་ཆེར་བཏང་བ་དང་སྦྲགས། སློབ་ཁང་གི་སློབ་ཁྲིད་དང་། རྣམ་པ་འདྲ་བཟོ། དངོས་སུ་སྦྱོང་བརྡར་སོགས་ཀྱི་ཐབས་ལམ་བརྒྱུད་དེ་རྩལ་ནུས་གསོ་སྦྱོང་བྱས་ནས། སྡེ་ཁུལ་གྱི་གཞོན་ནུ་ཚོས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པས། ལས་ཞུགས་དང་ངལ་རྩོལ་གྱི་ཐོབ་ཆ་མང་དུ་ཕྱིན་ཡོད།
         རིག་གནས་དང་ཡུལ་སྐོར་གྱི་དབུལ་སྐྱོར་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་ཆེད། སྟག་རྩེ་ཆུས་དང་། ཆུ་ཤུར་རྫོང་། ཁྲེང་ཀོན་ཆུས་བཅས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གིས་གནད་སྨིན་དབུལ་སྐྱོར་ལ་རོགས་སྐྱོར་བྱེད་པའི་ལས་དོན་དང་ལེན་ཧུར་ཐག་ཞུས་པ་དང་། རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དབུལ་སྐྱོར་གཞུང་དོན་ཁང་དང་འབྲེལ་མཐུད་དང་རང་འགུལ་ངང་སྒོ་བྱང་འགེལ་བ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་9བཙུགས་པས། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཕུད་རང་འགུལ་ངང་སྒོ་བྱང་བཀལ་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་བཙུགས་པའི་རྫོང་དང་ཆུས་གསུམ་པར་གྱུར་ཡོད། དེ་དག་ཕུད་མིག་སྔར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སོགས་ཀྱིས་ཀྱང་ལག་ཤེས་བཟོ་ཁང་གི་སྒོ་བྱང་འགེལ་བའི་གྲ་སྒྲིག་ལས་དོན་སྒྲུབ་བཞིན་ཡོད་པ་རེད།
         མངོན་མིན་རིག་གནས་ཤུལ་བཞག་གི་ནང་དོན་ཟབ་ཏུ་བཏང་ནས་རྒྱུན་འཛིན་གྱི་སྙིང་སྟོབས་དར་སྤེལ་བཏང་བ།
         རང་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་དཔུང་ཁག་གི་རྒྱ་སྟོབས་སྔར་བས་ཆེ་རུ་བཏང་ནས། འབྲེལ་ཡོད་རྣམ་གྲངས་རྒྱུན་འཛིན་དང་སྲུང་སྐྱོང་ནུས་ལྡན་ཡོང་བར་དཔེ་སྟོན་སྣེ་ཁྲིད་བྱ་ཆེད། རིག་གནས་ཅུས་མངོན་མིན་རིག་གནས་ཤུལ་བཞག་གཞུང་ལས་ཁང་གིས་གཞུང་ཡིག་ཁོའོ་ཡི་ལས་དོན་མི་སྣའི་བླང་བྱ་ལྟར། དུས་ཐོག་ཏུ《སློབ་མའི་ལག་དེབ》སོཌ་འབྲེལ་ཡོད་གསོ་སྦྱོང་གི་དཔྱད་གཞི་ཡིག་སྒྱུར་བྱས་པ་དང་། གསོ་སྦྱོང་ལ་ཡིག་སྒྱུར་གྱི་འགན་འཁྲི་ལྕི་པོ་འཁུར་རོགས་བྱས་ཡོད། གཞན་ཡང་སྲིད་འཛིན་གྲོང་ཚོའི་རིག་རྩལ་རུ་ཁག་གི་རིག་རྩལ་རྐང་འཛིན་པ་གསོ་སྦྱོང་གི་བཀོད་སྒྲིག་གཞིར་བཟུང་། 《ཞབས་བྲོའི་གཞི་རྩའི་སྟངས་སྟབས》དང《མངོན་མིན་རིག་གནས་ཤུལ་བཞག་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་སྲུང་སྐྱོང》གི་ནང་དོན་སྦྱོང་བརྡར་ལ་ཞུགས་མཁན་སློབ་མར་སློབ་ཚན་ཐེངས་4ཁྲིད་པར་གསོ་སྦྱོང་ལ་ཞུགས་མཁན་སློབ་མའི་གདེང་འཇོག་བཟང་པོ་ཐོབ་པ་དང་། 《ལྷ་སའི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་བོ་སྐྱེད་སྲིང་འདུ་འགོད་ཀྱི་ལག་བསྟར་ཇུས་གཞི》བཟོས་ཡོད། ལྷ་ས་གྲོང་ཨུད་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་གཞིར་བཟུང་། མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་ཁེ་ལས་9ཡི་འགན་ཁུར་བ་སྐད་བཏང་སྟེ་བསམ་འཆར་ནན་ཏན་ཉན་པ་དང་ལྷ་ས་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་གི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། 《ལྷ་སའི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་བོ་སྐྱེད་སྲིང་འདུ་འགོད་ཀྱི་ལག་བསྟར་ཇུས་གཞི》བཟོས་པ་དང་། གསོ་སྐྱོང་བྱ་ཡུལ་80ཡི“མི་རེ་ལ་ཡིག་ཚགས་རེའི”ཡིག་ཚགས་བཟོ་བའི་ལས་དོན་ཡག་པོ་བསྒྲུབས་པ་མ་ཟད། དུས་ཐོག་ཏུ་རྩ་འཛུགས་པུའི་འབྲེལ་ཡོད་སྡེ་ཚན་ལ་གོང་འབུལ་ཞུས་ཡོད། སྐྱེ་བོ་ལ་ལས་མངོན་མིན་རིག་གནས་ཤུལ་བཞག་ནི་ས་སྟེང་དུ་ཟགས་པའི་མེ་ཏོག་གི་འདབ་ལོ་བཞིན་ནམ་དུས་ཡོལ་བའི་རིག་གནས་ཅིག་རེད་ཟེར་གྱིན་ཡོད། དོན་དངོས་ཐོག་མངོན་མིན་རིག་གནས་ཤུལ་བཞག་ནི་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱི“ས་བོན”དང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི“རྩ་བ”རེད། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ལས་དོན་ནི་མི་རིགས་ཁག་གི་སྔོན་བྱོན་པ་ཚོས་རྒྱུན་འཛིན་གནང་བའི་ཤེས་དཔལ་སྲུང་སྐྱོང་དང་འཕེལ་རྒྱས་བཏང་སྟེ། དེང་དུས་ལ་ཕན་ཐོགས་ཡོང་བ་བྱ་ཆེད་ཡིན་པ་མ་ཟད། དེ་བས་ཀྱང་བུ་རབས་ཚ་རྒྱུད་ལ་འཇོག་ཆེད་རེད། ད་ཆ་གཞོན་ནུ་སྔར་ལས་མང་བ་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་གྲལ་དུ་བཞུགས་ནས་རྒྱུན་འཛིན་རྗེས་གྲབས་དཔུང་ཁག་ཆ་ཚང་དང་ལུགས་མཐུན་ཞིག་ཆགས་ཡོད། རིག་གནས་གཞི་རྟེན་དུ་བྱས་ཏེ་སྐྱེ་བོ་སྔར་ལས་མང་བ་ས་མཐོའི་དམིགས་བསལ་ཁྱད་ཆོས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་དགའ་པོ་ཡོང་བར་བྱེད་དགོས།
རྩོམ་སྒྲིག་པ། སྣང་རྡོར།