དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ཟི་ལིང་དུ་བོད་རིཊ་རིག་གནས་སྒྱུ་རྩལ་དུས་ཆེན་འདི་གཉེར་འདུག

སྤེལ་དུས 2021-06-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           སྤྱི་ཟླ་6པའི་ཚེས་12ཉིན་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་གཉེར་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུད་དང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཉེར་རོགས་བྱས་པའི་ཏང་གི་ལོ་བརྒྱའི་འཁྲུངས་སྐར་བསུ། བདེ་སྐྱིད་འཚོ་བར་མཉམ་དུ་རོལ་ཞེས་པའི་བརྗོད་དོན་གཙོ་བོའི་ཟི་ལིང་ས་ཁུལ་གྱི་བོད་རིགས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་34མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ལྷོ་རི་སྤྱི་གླིང་དུ་སྤེལ་ཡོད་པ་རེད།

 

           རིག་གནས་སྒྱུ་རྩལ་དུས་ཆེན་ཐོག་རིག་རྩལ་འཁྲབ་སྟོན་དང་མདའ་རྩེད། མིག་མངས་འགྲན་སྡུར། བོད་ཀྱི་ལག་ཤེས་ཐོན་རྫས་འགྲེམ་སྟོན་སོགས་འདུས་ཁར། དུས་ཆེན་གྱི་རིག་གནས་ཁོར་ཡུག་དང་ཀྲུང་ཧྭའི་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་བ། རིག་གནས་ཀྱི་བློ་སྤོབས་དང་རྒྱུན་འཛིན་ཟམ་མི་ཆད་པར་ཤུགས་ཆེར་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་བསམ་པའི་དགོས་མཁོ་བསྐང་གང་ཐུབ་བྱས་པ་མ་ཟད། ཉིན་དེར་ཟི་ལིང་ས་ཁུལ་གྱི་བོད་རིགས་དང་སྤུན་ཟླའི་མི་རིགས་གཞན་དག་སོགས་ལྷོ་རི་སྤྱི་གླིང་དུ་འཛོམས་ནས་དུས་ཆེན་དགའ་གཏོང་བྱས་ཡོད་པ་རེད།

 

           རིག་གནས་སྒྱུ་རྩལ་དུས་ཆེན་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པའི་༼དུས་རབས་ཀྱི་གོམ་འགྲོས་༽ ཞེས་པའི་ཞབས་བྲོ་ལས་མགོ་བརྩམས་ཤིང་།  ༼  ཡང་བསྐྱར་ཏང་ལ་གླུ་ཞིག་ལེན། ༽   ༼ ལྗང་མདོག་གི་ཕ་ཡུལ།༽དང་རྡུང་ལེན་༼ ཕ་ཁྱིམ་༽དང་༼ གངས་ལྗོངས་ཕྱུག་མོ་༽སོགས་དམངས་གླུ་དང་ཞབས་བྲོ། གེ་སར་འཁྲབ་སྟོན་སོགས་ལས་མི་དམངས་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་ཆེ་བ་དང་རླབས་ཆེན་གྱི་མེས་རྒྱལ་དང་བདེ་སྐྱིད་ཀྱི་འཚོ་བར་བསྟོད་གླུ་ལེན་པ་གང་ལེགས་མངོན་ཡོད་པ་རེད།  

 

           ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེར་ཟི་ལིང་ས་ཁུལ་གྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་19ཡིས་༼ཡང་བསྐྱར་ཏང་ལ་གླུ་ཞིག་ལེན་༽དང་༼དུས་རབས་གསར་པའི་སྤང་རྒྱན་མེ་ཏོག་༽ ༼ཁ་བཏགས་དཀར་པོ་ཏང་ལ་འབུལ་༽སོགས་རིག་རྩལ་འཁྲབ་སྟོན་བྱས་པ་ལ། ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་པ་ལས་གཞན། ཟི་ལིང་ས་ཁུལ་གྱི་གཞི་རིམ་མང་ཚོགས་ཀྱི་རིག་གནས་འཛུགས་སྐྱོང་གི་གྲུབ་འབྲས་དང་འཆམ་མཐུན་དང་དཔལ་ཡོན། དུས་རབས་གསར་པའི་རྣམ་པའང་མངོན་ཡོད།

 

           ཟི་ལིང་ས་ཁུལ་གྱི་བོད་རིགས་རིག་གནས་སྒྱུ་རྩལ་དུས་ཆེན་ནི་སྤྱི་ལོ་1983ལོའི་ཟླ་6པར་སྤེལ་འགོ་བརྩམས་ནས་ད་ལྟའི་བར་ལོ་ངོ་38རིང་འདས་པ་དང་། སྐབས་ཐོག་དེར་མི་རྣམས་ཀྱི་བོད་ཀྱི་དྲུག་པའི་གླུ་རོལ་ཞེས་འབོད་ཀྱི་ཡོད་ལ། སྤྱི་ལོ་2004ལོ་ནས་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་གཉེར་བྱས་པ་དང་སྤྱི་ལོ་2006ལོར་བོད་རིགས་རིག་གནས་སྒྱུ་རྩལ་དུས་ཆེན་ཞེས་པར་མིང་བསྒྱུར། ཐེངས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཚར་བ་བྱེད་པའི་འགོ་བརྩམས་པའི་ལོ་དང་། ལྷག་པར་དུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་བསུ་བ་ཞུ་བར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

 

           མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་ཏང་གི་བཀའ་དྲིན་དྲན་པ་དང་དུས་རབས་གསར་པར་དྲིན་ཚོར་བའི་བརྩེ་བ་ངོ་མ་དེ་མུ་མཐུད་འབད་པ་བྱེད་པའི་དོན་དངོས་བྱ་སྤྱོད་དུ་བསྒྱུར་ཞིང་། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་གོང་འཕེལ་ཤུགས་ཆེར་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་སྲ་བརྟན་དང་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་བསམ་པའི་དགོས་མཁོ་བསྐང་གང་ཐུབ་བྱེད་པར་ཁ་ཕྱོགས་གསལ་སྟོན་དང་གླེང་ཕྱོགས་བརྟན་པོའི་སྒོས་འབད་པ་བྱ་རྒྱུ་ཡིན་པ་རེད། 
རྩོམ་སྒྲིག་པ། སྣང་རྡོར།