ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

དགེ་འདུན་ཚེ་རིང་གི་སྨྱུག་རྩེ་ནས་ཐོན་པའི་མི་རིགས་རིག་གནས།

སྤེལ་དུས 2021-11-24 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

          ཟླ་11ཚེས་22ཉིན་གྱི་དགོང་མོར། གསར་འགོད་པ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་བ་ཡན་རྫོང་དུ་གནས་པའི“བོད་ཀྱི་ཐང་ག —བ་ཡན་གྱི་ཐང་ག”ཡི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དགེ་འདུན་ཚེ་རིང་གི་ཐང་གའི་ལས་ཤག་ཏུ་བསྐྱོད་ནས། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཏེ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ལ་རོལ་མྱོང་བྱས་པ་ཡིན།  2021ལོའི་ཟླ་5པར། བ་ཡན་གྱི་ཐང་ག་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་གི་རྒྱ་སྐྱེད་རྣམ་གྲངས་ཀྱི་མིང་གཞུང་ནང་བཅུག་པ་རེད། ཐང་གའི་བརྩམས་ཆོས་ནང་གྲངས་ཉུང་མི་རིགས་ཀྱི་འཚོ་བ་དང་རིག་གནས་བྲིས་ཡོད་པ་མ་ཟད། དུས་རབས་ཡར་ཐོན་དང་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཡག་པོ་བྱུང་འདུག  བ་ཡན་གྱི་ཐང་ག་དེ་ད་ཆ་ཆོས་ལུགས་ཀྱི་མཁོ་ཆས་ནས་བཟོ་རྩལ་གྱི་མཛེས་རྩལ་ཐོན་རྫས་རྣམ་པ་མང་པོར་སྒྱུར་ཡོད་ཅིང་། མྱོང་རོལ་དང་ཉར་ཚགས་ཀྱི་རིན་ཐང་ཆེན་པོ་ལྡན་པས་རྒྱལ་ཁབ་ཕྱི་ནང་དུ་ཧ་ཅང་བྲིན་བཞིན་འདུག 

 

 

 

 

རྩོམ་སྒྲིག་པ། སྣང་རྡོར།