ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

བཀྲ་ཤིས་ལོ་གསར་འཆར་ལ་ཉེ། ཁྲོམ་ར་གང་སར་འཁྲུག་ཆ་དོད།

སྤེལ་དུས 2022-02-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            དཔྱིད་གསར་དུས་ཆེན་མཇུག་འགྲིལ་མོད། འོན་ཀྱང་གནའ་གྲོང་ལྷ་སའི་སྲང་ལམ་ཆེ་ཆུང་གང་སར་ལོ་གསར་གྱི་རྣམ་པ་ཟབ། ས་གཞི་ཆེ་མོར་དཔྱིད་ཉམས་ཚུགས་པ་དང་སྐྱེ་དངོས་མཐའ་དག་རྣམ་པ་གསར་རྐྱང་བརྗེས། མི་རིང་བར་གངས་ལྗོངས་ས་མཐོར་སླར་ཡང་བོད་ཆུ་སྟག་ལོའི་ལོ་གསར་འཆར་ལ་ཉེ།
            ཁྲོམ་གཟིགས་སྒང་ཁྲོམ་ར་དང་། བར་སྐོར་ཚོང་ར། ལྷ་ས་གྲོང་ཁུལ་གྱི་སྒོ་རྩིས་ཚོང་ཁང་ཆེ་ཆུང་ཁག་ཏུ་འཁྲུག་ཆ་དོད་ཅིང་གང་སར་ལོ་གསར་གྱི་མཁོ་ཆས་ཉོ་ལ་བྲེལ་བའི་མང་ཚོགས་ཀྱིས་ཁེངས།
            ཁྲོམ་གཟིགས་སྒང་ཁྲོམ་རར་ཕྱེ་མར་འབོ་དང་། བཟོ་ལྟ་སྣ་ཚོགས་ཀྱི་སྒོ་ཡོལ་དང་ཤམ་བུ། བོད་བཟོའི་དཔྱིད་གསར་ཆ་ཡིག་ལ་སོགས་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་ལས་མི་རྣམས་ཀྱི་མིག་འཁྲུལ་བར་བྱེད། གནམ་གཤིས་གྲང་མོ་ཡོད་རུང་གྲོང་མི་ཚོའི་ལོ་གསར་གྱི་མཁོ་ཆས་ཉོ་བའི་སྤྲོ་སེམས་ཉམས་མེད།
            “བོད་ཀྱི་ལོ་གསར་སླེབས་གྲབས་ཡོད། དེ་རིང་ང་རང་དགུ་རྫས་དང་ཤམ་བུ་གསར་པ་ཉོ་བར་ཡོང་བ་ཡིན། ཉེ་དུས་ངས་ཧ་ལམ་ཉིན་ལྟར་ལོ་གསར་གྱི་མཁོ་ཆས་ཉོ་བར་འགྲོ་གི་ཡོད”ཅེས་གྲོང་མི་ཀརྨས་གསར་འགོད་པར་བཤད།

འདི་ནི་བར་སྐོར་ཚོང་རའི་ལོ་གསར་མཁོ་ཆས་ཁྲོམ་ར་ཡིན་པ།

འདི་ནི་གྲོང་མིས་ལོ་གསར་གྱི་ཆ་ཡིག་འདེམས་བཞིན་པ།

འདི་ནི་ཁྲོམ་གཟིགས་སྒང་གི་ཚོང་ཁང་ཞིག་ཏུ་ལས་བཟོས“སྡེར་ཁ”དང“ཁ་ཟས”བཟོ་བཞིན་པ།

འདི་ནི་ལོ་གསར་མཁོ་ཆས་ཁྲོམ་རར་འཚོང་བའི“ལུག་མགོ”ཡིན་པ།

འདི་ནི་བོད་ཆས་ཚོང་ཁང་ཞིག་ནང་འཛད་སྤྱོད་པས་བོད་ཆས་འདེམས་བཞིན་པ།

འདི་ནི་བར་སྐོར་ཚོང་རར་འཚོང་བའི་ལོ་ཕུད་ཡིན་པ།

འདི་ནི་བར་སྐོར་ཚོང་རའི་ཟུར་ཞིག་ཏུ་འཚོང་བའི“ལོ་གསར་མེ་ཏོག”ཡིན་པ།

འདི་ནི་ཁྲོམ་གཟིགས་སྒང་གི་ལོ་གསར་མཁོ་ཆས་ཁྲོམ་རའི་འཁྲུག་ཆ་དོད་པའི་རྣམ་པ་ཡིན་པ།
རྩོམ་སྒྲིག་པ། སྣང་རྡོར།