ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ལེའུ་དྲུག་པ། ལོ་ཟོག་སྟེ་ཆང་།

སྤེལ་དུས 2022-03-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།


བརྙན།
       བོད་ལྗོངས་གཞིས་རྩེར་འབྲུ་ཡི་བང་མཛོད་ཅེས་འབོད་པ་དང་། གཞིས་རྩེའི་མཆོད་ཆང་ནི་སྦྲང་རྩི་ལྟར་ཞིམ་མངར་ལྡན་པས་གང་སར་སྐད་གྲགས་ཆོད་ཡོད། ནས་ཆང་གི་བྲོ་བ་མངར་སིལ་ལྡན་ཞིང་དེ་ནི་བོད་ལྗོངས་ཀྱི་མང་ཚོགས་ཚོའི་དུས་སྟོན་སྐབས་སུ་སྐུ་མགྲོན་ལ་སྣེ་ལེན་ཞུ་བར་མེད་ཐབས་མེད་པ་ཞིག་རེད། མ་ཟད་ཆང་བསྙལ་སྟངས་ཡོངས་ཁྱབ་ཏུ་དར་ཡོད་པ་སྟེ། གོམ་སྟབས་དང་པོ་ནི་ཆང་རྒྱུ་སྤུས་ལེགས་འདེམས་དགོས་པ་དང་། གཙང་མ་བཀྲུས་རྗེས་ཧ་ཡང་ཆེན་པོའི་ནང་ཆུ་ཚོད་གཉིས་ལྷག་ཙམ་བཙོས་ཏེ་གྲང་བསང་བཏང་རྗེས་ཆང་རྩི་ཞིབ་ཞིབ་བཟོས་ནས་དེའི་སྟེང་རྒྱག་ཞོར་དཀྲུག་དཀྲུག་གཏོང་དགོས། མཐར་སྔོན་ནས་གྲ་སྒྲིག་བྱས་པའི་རྫ་མའི་ནང་བླུགས་ནས་ཁ་བསྡམས་ཏེ་བསྙལ་དགོས། གལ་སྲིད་དྲོད་ཚད་མཐོ་པོ་ཡོད་ན་ཉིན་གཅིག་གཉིས་ནང་འཐུང་རྒྱུ་ཡོང་ཐུབ་པས་དེ་ལྟར་མངར་སིལ་ལྡན་པའི་ནས་ཆང་ལེགས་གྲུབ་ཟིན་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།