ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

​▶ལེའུ་བདུན་པ། དམངས་ཁྲོད་ལག་རྩལ་ཏེ་ཟངས་ཆས།

སྤེལ་དུས 2022-03-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

          གཞིས་རྩེའི་ཟངས་ཆས་བཟོ་རྩལ་ཞིབ་ཚགས་ཅིང་སྤུས་ཀ་དག་པ་དང་། བཟོ་ལྟ་གསོན་ཉམས་དོད་པ།  བརྐོས་དཀྲོལ་ཞིབ་ཚགས་ཅིང་སྙིང་རྗེ་བ།  བཟོ་དབྱིབས་ཐུན་མོང་མ་ཡིན་པ།  བཟོ་རྩལ་བྱང་ཆུབ་པ་བཅས་ཡོད་པས། བོད་ལྗོངས་ཀྱི་དམངས་ཁྲོད་ལག་ཤེས་བཟོ་རྩལ་གྱི་འཐུས་ཚབ་གྲས་ཤིག་རེད།  ཟངས་ཆས་འདི་རིགས་ལ་ཆུ་ཟངས་ཟེར་ཞིང་།  བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་དུ་དེ་སྔ་ཆུ་གསོག་བྱེད་ཀྱི་སྣོད་ཆས་ཤིག་ཡིན།  ད་ཆ།  བོད་ལྗོངས་སུ་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་ཆེན་པོ་བྱུང་བས་ཆུ་གསོག་སྣོད་དེ་མཁོ་ཆས་ནས་སྒྲིག་ཆས་ལ་གྱུར་བ་དང་། ཆུ་ཟངས་ཆེ་བའི་ཚངས་ཐིག་ལ་སྨི་གཅིག་ཟིན་ཞིང་ཀུན་གྱིས་དགའ་པོ་བྱེད་ཀྱི་ཡོད། སྤྱི་ལོ་2007ལོར་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་ཟངས་ཆས་བཟོ་རྩལ་དེ་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པའི་ནང་ཚུད་ཡོད། སྤྱི་ལོ་2008ལོར།  རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པའི་ནང་ཚུད་ཡོད་པ་རེད། 
རྩོམ་སྒྲིག་པ། སྣང་རྡོར།