ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

▶དམངས་ཁྲོད་ལག་རྩལ་ཏེ་སྒྲ་སྙན།

སྤེལ་དུས 2022-03-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

         སྒྲ་སྙན་ནི་དཀྲོལ་གཏོང་གི་རོལ་ཆ་ཞིག་ཡིན་པ་དང་། བོད་ལྗོངས་སུ་དར་ཁྱབ་ཆེ་བའི་སྲོལ་རྒྱུན་གྱི་རོལ་ཆས་གྲས་ཤིག་ཡིན། ལོ་གསར་འཆར་རིམ་བཞིན་མང་ཚོགས་ཀྱི་ཁྱིམ་ཚང་ནང་དང་། མཚན་ཚོགས་ཀྱི་གར་སྟེགས་ཐོག་དེ་བཞིན་འཁྲུག་ཆ་དོད་པའི་ཁྲོམ་གཞུང་བཅས་གང་སར་སྒྲ་སྙན་གོ་རྒྱུ་ཡོད། དམངས་ཁྲོད་ཀྱི་དེ་སྔའི་སྒྲ་སྙན་ནི་རྒྱུད་སྐུད་གཉིས་ལས་སྒྲ་གདངས་རེ་ཐོན་ཞིང་ཁྱོན་རྒྱུད་སྐུད་དྲུག་ལས་སྒྲ་ཁག་གསུམ་ཐོན་གྱི་ཡོད། གང་དེའི་སྒྲ་གདངས་གསལ་བ་དང་གླུ་གར་གྱི་རམ་འདེགས་རོལ་ཆ་དང་རྐྱང་དཀྲོལ་གང་ལའང་སྤྱོད་ཆོག སྤྱི་ལོ་2013ལོར་སྒྲ་སྙན་བཟོ་རྩལ་དེ་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་བཞི་པའི་ནང་ཚུད་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།