ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

སྐལ་བཟང་རྒྱ་མཚོའི་སྒྱུ་རྩལ་གྱི་མི་ཚེ།

སྤེལ་དུས 2022-03-18 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

འདི་ནི་སྐལ་བཟང་རྒྱ་མཚོས་སློབ་མ་ཚོར་མཛུབ་སྟོན་བྱེད་བཞིན་པའི་ཚུལ་རེད།

འདི་ནི་སྐལ་བཟང་རྒྱ་མཚོས་ཐང་ག་འབྲི་བཞིན་པའི་ཚུལ་རེད།

འདི་ནི་སྐལ་བཟང་རྒྱ་མཚོས་ཐང་ག་འབྲི་བཞིན་པའི་ཚུལ་རེད།

འདི་ནི་སློབ་མ་ཞིག་གིས་ཐང་ག་འབྲི་བཞིན་པའི་ཚུལ་རེད།

འདི་ནི་སྐལ་བཟང་རྒྱ་མཚོས་སློབ་མ་དང་མཉམ་དུ་ཐང་ག་འབྲི་བཞིན་པའི་ཚུལ་རེད།

འདི་ནི་སྐལ་བཟང་རྒྱ་མཚོས་རང་གི་ཐང་ག་འགྲེམས་ཁང་ནང་དུ་ཁོང་གི་ཐོན་རྫས་སྟོན་བཞིན་པའི་ཚུལ་རེད།

འདི་ནི་སྐལ་བཟང་རྒྱ་མཚོས་གསར་འགོད་པར་རང་གི་ཐོན་རྫས་སྟོན་བཞིན་པའི་ཚུལ་རེད།

འདི་ནི་ཐང་ག་འབྲི་བྱེད་ཀྱི་སྨྱུག་གུ་སྣ་ཚོགས་རེད།
          མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གཉན་ཐོག་ཤང་སྒོ་དམར་གྲོང་ཚོའི་ར་སྐོར་ཞིག་གི་ནང་དུ་སློབ་མ་འགའ་ཡིས་ཐང་ག་འབྲི་སྲོལ་སྦྱོང་བཞིན་ཡོད་པ་དང་། ཁོ་ཚོའི་ལག་ཏུ་སྨྱུ་གུ་བཟུང་ནས་ནན་ཏན་གྱིས་ཐང་ག་འབྲི་བཞིན་ཡོད།
          1978ལོར་སྐྱེས་པའི་སྐལ་བཟང་རྒྱ་མཚོ་ཆུང་དུས་ནས་རི་མོ་འབྲི་བར་སྤྲོ་བ་ཆེན་པོ་ཡོད་པས། ཨ་ཕའི་ཁ་ཏ་དང་སློབ་སྟོན་ཞིབ་ཚགས་འོག་སྐལ་བཟང་རྒྱ་མཚོས་ཐང་ག་འབྲི་བའི་ལམ་བུའི་ཐོག་བསྐྱོད་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་ཐང་ག་འབྲི་བའི་ནུས་རྩལ་སྦྱངས།
          སྔར་ལས་ལྷག་པའི་སྒོ་ནས་རེབ་གོང་གི་ཐང་ག་འབྲི་བའི་ལག་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། སྐལ་བཟང་རྒྱ་མཚོས་སྔ་གཞུག་ཏུ་ཐང་གའི་དགེ་རྒན་ཆེན་མོ་བ་འགའ་ཞིག་དགེ་རྒན་དུ་བསྟེན་ནས་ཁེངས་སྐྱུང་ངང་མཛུབ་ཁྲིད་དང་ལེན་བྱས་ཤིང་། སྙིང་རུས་ཆེན་པོ་སྐྱེད་དེ་ཐང་གའི་འབྲི་སྲོལ་སྦྱངས་བས་སློབ་དཔོན་ཆེན་མོ་དག་གི་རྩེར་སོན་གྱི་རི་མོ་འབྲི་རྩལ་དང་ལག་རྒྱུན་ཟུང་འབྲེལ་བྱས་པས་ཁོང་གི་རི་མོ་འབྲི་རྩལ་གྱི་རྨང་གཞི་ཇེ་ལེགས་སུ་ཕྱིན་པ་རེད།
          རེབ་གོང་སྒྱུ་རྩལ་གྱི་རྒྱུན་འཛིན་མཁན་དང་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡིན་པའི་ཆ་ནས། སྐལ་བཟང་རྒྱ་མཚོས2013ལོར་སྐལ་བཟང་རེབ་གོང་སྒྱུ་རྩལ་ཁྱབ་སྤེལ་ལྟེ་གནས་བཙུགས་པ་དང་། ཁོང་གིས་རང་ཉིད་སྡོད་སའི་ར་སྐོར་ནང་དུ་ཐང་གའི་འགྲེམས་ཁང་བཙུགས་པ་དང་། སློབ་མ་བསྡུ་གཉེར་བྱས་ཏེ་བསྡོམས་པས་རེབ་གོང་སྒྱུ་རྩལ་པ30ལྷག་གསོ་སྐྱོང་བྱས།
          སྐལ་བཟང་རྒྱ་མཚོ་དང་མཉམ་དུ་རི་མོ་སྦྱངས་ནས་ལོ12ཕྱིན་པའི་མཆོད་རྟེན་རང་གི་དགེ་རྒན་དང་ཁ་བྲལ་ཡང་། ཁོང་གིས་ད་དུང་སྐབས་ལ་ལར་སྐལ་བཟང་རྒྱ་མཚོ་གམ་ནས་རི་མོའི་འབྲི་རྩལ་སློབ་ཀྱིན་ཡོད། ད་ཆ་མཆོད་རྟེན་གྱིས་སློབ་སྦྱོང་བྱས་པ་བརྒྱུད་ཐང་ག་བྲིས་ཏེ་ཀུང་སི་བཙུགས་པ་མ་ཟད་སློབ་མ་ཡང་སྐྱོང་བཞིན་ཡོད།
          སྐལ་བཟང་རྒྱ་མཚོ་ཡིས་སྔ་གཞུག་ཏུ་ཐུན་རིན་གྲོང་ཁྱེར་གྱི“དབུལ་ཐར་འགག་སྒྲོལ་གྱི་སྤྱི་ཚོགས་དབུལ་སྐྱོར་གྱི་སྔོན་ཐོན་མི་སྣ”དང་། རྨ་ལྷོ་ཁུལ་གྱི“ཕུལ་བྱུང་གུང་ཁྲན་ཏང་ཡོན” ། མཚོ་སྔོན་ཞིང་ཆེན་གྱི“ལྗང་མདོག་ཁྱིམ་ཚང་གི་དཔེ་སྟོན་དུད་ཚང”སོགས་ཀྱི་དགའ་རྟགས་བླངས་པ་དང་། ཉེ་བའི་ལོ་འགའི་རིང་སྐལ་བཟང་རྒྱ་མཚོས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ས་གནས་ཀྱི་དུད་ཚང་དབུལ་པོས་རང་སར་ལས་གཏོད་བྱ་རྒྱུར་སྐུལ་ཁྲིད་བྱས་པ་མ་ཟད། སྤྱི་ཕན་བྱ་འགུལ་སོ་སོ་ནང་ཧུར་ཐག་ཞུགས་ཏེ། 2014ལོ་ནས་ད་ལྟའི་བར་དུ་བསྡོམས་པས་མ་དངུལ་དང་དངོས་པོ་སྒོར་ཁྲི72ཞལ་འདེབས་སུ་ཕུལ་ཡོད།
          “ངས་མི་རིགས་རིག་གནས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་དུ་བཏང་ནས། རེབ་གོང་སྒྱུ་རྩལ་དེ་མང་ཚོགས་དང་དེང་རབས་དང་མཉམ་འདྲེས་ཐུབ་པར་གྱུར་ནས། གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱ་རྒྱུ་ཡིན”ཞེས་སྐལ་བཟང་རྒྱ་མཚོས་བརྗོད།
          གསེར་མོ་ལྗོངས་ཞེས་འབོད་པའི་ཐུན་རིན་དུ་ད་དུང་སྐལ་བཟང་རྒྱ་མཚོ་དང་འདྲ་བའི་ཐང་ག་འབྲི་མཁན་མང་པོ་ཡོད་ལ། ཁོང་ཚོས་རེབ་གོང་སྒྱུ་རྩལ་སྔར་ལས་ལེགས་པའི་སྒོ་ནས་ཁྱབ་སྤེལ་དང་འཕེལ་རྒྱས་སུ་བཏང་ནས། ཁོ་ཚོས་ས་གནས་ཀྱི་མང་ཚོགས་ལ་ཤུགས་རྐྱེན་ཐེབས་པ་དང་སྐུལ་ཁྲིད་བྱས་ཏེ། རང་ས་གནས་ཀྱི་རིག་གནས་ལེགས་ཆར་བརྟེན་ནས་ལས་སྐྲུན་ཕྱུག་འགྱུར་དང་གྲོང་གསེབ་དར་སྤེལ་དུ་བཏང་ཡོད། །
རྩོམ་སྒྲིག་པ། སྣང་རྡོར།