ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ས་མཐོའི་གང་སར་དཔྱིད་རྨོད་ལས་ལ་བྲེལ།

སྤེལ་དུས 2022-03-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཞོལ་པ་སྡེ་ཁུལ་གྱིས་གཉའ་གཅོག་མཛད་སྒོ་འཚོག་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚར་པ་ནང་གི་གྲོང་མི་གཉའ་གཅོག་མཛད་སྒོར་ཞུགས་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དར་རྒྱས་ཤང་དར་རྒྱས་གྲོང་ཚོར་གཉའ་གཅོག་མཛད་སྒོ་འཚོག་བཞིན་པ།
            ཟླ་3ཚེས་16ཉིན་གྱི་སྔ་དྲོ། ལྷོ་ཁ་གྲོང་ཁྱེར་ཁེ་གསུམ་སྡེ་ཁུལ་གྱིས་གཉའ་གཅོག་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཤིང་། ཡུལ་དེའི་ཞིང་པ་300ལྷག་ཙམ་གྱིས་ཕྱེ་མར་དང་ཆང་བཀྱག་ནས་འདི་ལོ་ལོ་ལེགས་ཡོང་བའི་སྨོན་འདུན་ཞུས་ཡོད། མི་རྣམས་ཀྱིས་ས་སློག་བརྒྱབ་པ་དང་གྲོང་ཚོའི་བགྲེས་སོང་གིས་རྡོ་བསྒྲུགས་ནས་དཔྱིད་རྨོད་འགོ་ཚུགས་པ་མཚོན་པར་བྱས་ཡོད། མཛད་སྒོའི་ཐོག“རྨོན་མཛོ་དོར་སྦྲེལ”སོགས་སྲོལ་རྒྱུན་གྱི་སོ་ནམ་བྱེད་སྟངས་ཕུད། མཛད་སྒོ་འཚོགས་ཡུལ་དུ་ད་དུང་འདྲུད་འཐེན་འཕྲུལ་འཁོར་23དང་ཞིང་ལས་འཕྲུལ་ཆས་ཆེ་གྲས་4ཡོད་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2021ལོར་བོད་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་106.5ཟིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི་3.63འཕར་ནས། ལོ་བདུན་བསྟུད་མར་ཏུན་ཁྲི་100ཡན་རྒྱུན་འཁྱོངས་ཐུབ་པ་དང་། ཞིང་ལས་སྐྱེ་དངོས་འདེབས་འཛུགས་དང་བརྔ་བསྡུ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་གྱུར་ཚད་66.1%ཟིན་ཡོད་པ་རེད། 
རྩོམ་སྒྲིག་པ། སྣང་རྡོར།