ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

སི་ཁྲོན་རོང་བྲག་རྫོང་དུ་ཞིང་བ་རྣམས་དཔྱིད་རྨོད་ལས་ལ་བྲེལ་བ།

སྤེལ་དུས 2022-03-24 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།





པར་འདི་དག་ནི་དཔྱིད་རྨོད་ཀྱི་ལས་སོ་སོར་བྲེལ་བཞིན་པའི་ཞིང་བ་ཚོ་རེད།
         དཔྱིད་རྨོད་ཀྱི་དུས་སུ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རོང་བྲག་རྫོང་གི་ཞིང་ནང་དུ། གང་ས་གང་དུ་ཞིང་བ་རྣམས་ཀྱིས་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་སྐབས་དང་བསྟུན་ནས་དཔྱིད་རྨོད་ལས་ལ་བྲེལ་བཞིན་ཡོད།
         རོང་བྲག་རྫོང་དགེ་བཤེས་གྲྭ་ཤང་སྦུ་ཁོག་གྲོང་ཚོའི་གཞུང་ལམ་དུ་བསྐྱོད་སྐབས། རྒྱང་རིང་གི་ཞིང་རྨོ་བའི་འཕྲུལ་ཆས་ཀྱི་སྐད་སྒྲ་ཐོས་ཐུབ་པ་མ་ཟད། ཐག་མི་རིང་ས་ནས་གྲོང་མི་ཚོས་ཞིང་ནང་དུ་ས་སློག་ནས་འགྱིག་ཤོག་འགེབས་ཀྱིན་པ་མཐོང་ཐུབ།
         སྦུ་ཁོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལུང་སི་ཅའོ་ཡིས། གྲོང་ཚོ་ཡོངས་ཀྱི་ས་མུའུ200ལྷག་ཙམ་གྱི་ས་ཞིང་ཀུང་སི་ལ་བརྒྱུད་བཤུག་བྱས་ཏེ་ཀུ་ཤུའི་སྡོང་པོ་འདེབས་འཛུགས་བྱས་ཡོད་པས། ལོ་ལྟར་ས་མུའུ་རེར་ཁེ་སྤོགས་སྒོར1200ཡོད། དཔྱིད་མགོའི་དུས་སུ་རོང་བྲག་རྫོང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་དང་གྲོང་གསེབ་ཀྱི་ཞིང་འབྲོག་ཚན་རྩལ་ཅུའུ་ཡིས་གྲོང་མིའི་དཔྱིད་རྨོད་དང་དེ་ལ་གྲ་སྒྲིག་བྱེད་བཞིན་པའི་གནས་ཚུལ་དང་ཐོན་སྐྱེད་ཀྱི་དགོས་མཁོར་རྒྱུས་ལོན་བྱས་ཏེ། ཞིང་དུད་རེ་རེར་ཐབས་ཤེས་འདོན་པ་དང་ཐབས་ཇུས་བཏོན་ནས། ཟླ3པའི་ཟླ་མགོར་ད་དུང་མཉམ་འབྲེལ་སྒོས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུས་མའགོག་པའི་བྱ་སྤྱོད་སྤེལ་ཏེ། ཞིང་དུད་ཀྱིས་ས་བོན་དང་ཞིང་སྨན། ལུད་བཅས་ཡག་པོ་ཉོས་ནས་ཞིང་དུད་ཚང་མས་དཔྱིད་རྨོད་ཐོན་སྐྱེད་ཀྱི་ཁྲོད་རྗེས་སུ་མི་ལུས་པར་འགན་ལེན་གང་ལེགས་བྱས།
         དགེ་རྫོང་ཤང་དགེ་རྫོང་གྲོང་ཚོའི་གྲོང་མི་རྣམས་ཤིང་ཏོག་གི་ཞིང་ནང་དུ་ལས་ལ་བྲེལ་བཞིན་ཡོད། “ང་ཚོའི་གྲོང་ཚོ་རུ་ཀུ་ཤུའི་སྡོང་པོ་འདེབས་འཛུགས་དུད་ཚང30ལྷག་ཡོད་ལ། ཀུ་ཤུའི་རིགས་སྣ་ཚོགས་བཙུགས་ཡོད་ལ། ན་ནིང་ངེད་ཚང་གིས་བཏབ་པའི་ས་མུའུ6གི་ཀུ་ཤུ་ནང་ས་མུའུ་རེའི་ཐོན་ཚད་རྒྱ་མ800ཟིན་ཡོད། རྒྱ་མ་གང་ལ་སྒོར8བྱས་ནས་བཙོངས་བས། ན་ནིང་སྒོར་ཁྲི4ཙམ་གྱི་རིན་གོང་ལ་བཙོངས་ཞིང་ང་ལའང་ཁེ་བཟང་མི་ཉུང་བ་ཞིག་ཐོབ། ང་ཚོའི་གྲོང་ཚོ་ཡོངས་ཀྱི་ཀུ་ཤུའི་འདེབས་ཁྱོན་ས་མུའུ400ལྷག་ཙམ་ཟིན་པ་དང་། དེའི་ནང་བྲོ་བ་ཞིམ་ལ་ཡོང་འབབ་མཐོ་བའི་ཀུ་ཤུ་རིགས་བསྡོམས་པས་ས་མུའུ380ཡོད་པས། ལོ་གཅིག་གི་ཡོང་འབབ་སྒོར་ཁྲི180ལྷག་ཙམ་ཟིན་ཡོད”ཅེས་ཀུ་ཤུའི་སྡོང་པོར་བདག་སྐྱོང་བྱེད་བཞིན་པའི་ཐན་ཝུན་པིན་གྱིས་དེ་ལྟར་ངོ་སྤྲོད་བྱས།
         གཞན་ཡང་། པན་ཧྲན་མིན་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོའི་སྔོ་ཚལ་དྲོད་ཁང་ཆེན་མོའི་རྟེན་གཞི་རུ་བསྐྱོད་སྐབས། ཞིང་བ་ཚོས་ཀྲོ་མ་ཀྲུ་དང་སུར་པན་འདེབས་བཞིན་ཡོད་པ་དང་། ལྗང་མདོག་གི་མྱུ་གུའི་ས་ཞིང་ཅིག་མིག་ལམ་དུ་མངོན་ཡོང་ལ། མྱུ་གུ་སྐྱེས་ཚུལ་ཤིན་ཏུ་ལེགས་ལ་གསོན་ཤུགས་ཀྱིས་ཁེངས་ཡོད། “དུས་རྒྱུན་ངས་རྟེན་གཞི་རུ་ལས་ཀ་བྱས་ཆོག་པ་དང་། ཟླ་རེར་གླ་ཆ་སྒོར3000ཡོད། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི2ལྷག་ཡོད། རྟེན་གཞི་ཐག་ཉེ་བའི་དབང་གིས་རང་ཉིད་ཀྱིས་ཀྱང་ལོ་ཏོག་བཏབ་ཆོག་པས། ཡོང་འབབ་ཇེ་མང་དུ་ཕྱིན་པ་མ་ཟད། ད་དུང་ཁྱིམ་མིར་ལྟ་རྟོག་བྱེད་ཐུབ”ཅེས་ལོ60ལ་སླེབས་པའི་གྲོང་མི་དབྱང་ཧྲུའུ་ཧྥང་གིས་བཤད། །
རྩོམ་སྒྲིག་པ། སྣང་རྡོར།