ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

རྒྱ་བོད་ཤན་སྦྱར་གྱི་གཏམ་བརྗོད་ཟློས་གར《ཧམ་ལེ་ཀྲི》 རྒྱལ་སའི་ཟློས་གར་ཁང་དུ་བསྟན་པ།

སྤེལ་དུས 2022-03-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
       བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་འཁྲབ་སྟོན་བྱས་པའི་རྒྱ་བོད་སྐད་ཤན་སྦྱར་གྱི་གཏམ་བརྗོད་ཟློས་གར《ཧམ་ལེ་ཀྲི》གདན་ཞུས་ལྟར་ཟློས་གར་ཤར་སྟོན·2021ལོའི་རྒྱལ་ཡོངས་གཏམ་བརྗོད་ཟློས་གར་འགྲེམས་འཁྲབ་ལ་ཞུགས་ཏེ་རྒྱལ་སའི་ལྟད་མོ་བ་ཚོའི་མིག་གི་དགའ་སྟོན་དུ་དངོས་སུ་བཤམས་པ་རེད། གཏམ་བརྗོད་ཟློས་གར་འདི་ནི་ཀྲུང་གོ་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱི་མཛུབ་ཁྲིད་དང་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་རྒྱབ་སྐྱོར་བྱས་པ་ཞིག་རེད།
       འཁྲབ་ཁྲིད་པ་ཕུའུ་ཚུན་ཤིན་གྱིས་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་བོད་རིགས་གཞོན་སྐྱེས་འཁྲབ་སྟོན་པ་ཚོའི་སྣེ་ཁྲིད་དེ་པེ་ཅིང་རྒྱལ་སའི་ཟློས་གར་ཁང་དུ་ཟླ་3ཚེས་17ནས་19ཉིན་བར་རྒྱ་བོད་ཤན་སྦྱར་གྱི་གཏམ་བརྗོད་ཟློས་གར《ཧམ་ལེ་ཀྲི》རེས་མོས་བྱས་ནས་བསྟན་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།