དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

མི་ཞིག་གིས་སྐད་འཕྲིན་ཚོགས་པར་གནས་ཚུལ་འདི་རིགས་བསྐུར་བས་བཟུང་འདུག

སྤེལ་དུས 2021-03-29 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          ཉེ་ཆར་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལ་མི་ཞིག་གིས་སྐད་འཕྲིན་ཚོགས་པར་ཁ་ལོ་བའི་ལག་ཁྱེར་ཚབ་གཉེར་བྱེད་པའི་ཆ་འཕྲིན་སྐུར་གྱི་འདུག་ཅེས་པའི་ཐེར་འདོན་འབྱོར་བ་རེད།
          ཝང་ཆེ་གེ་མོ།
        ཁ་ལོ་བའི་སློབ་གྲྭའི་གསོ་སྦྱོང་ཀུང་སིས་ཁ་ལོ་བའི་ལག་ཁྱེར་C1 B1 B2 A1 A2བཅས་ཚབ་གཉེར་བྱེད་ཀྱི་ཡོད། མི་ངོ་མ་རྒྱུགས་གཏོང་བར་འགྲོ་དགོས་མེད་པར་རྒྱུགས་ཚབ་གཏོང་མཁན་གྱིས་ཁ་ལོ་བའི་ལག་ཁྱེར་ལེན་ཐུབ། ཆེད་ལས་རྒྱུགས་ཚབ་གཏོང་འདོད་ན། ང་ཚོའི་སར་མིང་ཐོ་བཀོད་ན་འགྲིག རྒྱུགས་གཏོང་སྐབས་མི་ངོ་མ་རྒྱུགས་གཏོང་སར་འགྲོ་དགོས་མེད། ཁ་ལོ་བའི་ལག་ཁྱེར་བདེན་པ་གོ་ཆོད་པ་ཡིན་པས་རྒྱལ་ཡོངས་སུ་ཡིག་ཚགས་བཤེར་ཆོག་ལ་རྒྱུགས་གཏོང་བའི་བརྒྱུད་རིམ་ཧྲིལ་པོ་ཡང་དྲ་ཐོག་ནས་བཙལ་ཆོག རྫུན་མ་འདུག་ན་སྐྱིན་ཚབ་ལྡབ་བཅུ་སྤྲོད་རྒྱུ་དང་གོ་མི་ཆོད་ན་དངུལ་ཚང་མ་སློག་གི་ཡིན། 2013ལོ་ནས་ད་བར་ང་ཚོས་མི་མང་པོར་ཁ་ལོ་བའི་ལག་ཁྱེར་ལེན་རོགས་བྱས་ཡོད། ས་ཁུལ་ཁག་གི་བར་འབྲེལ་དང་ཚབ་གཉེར་ཀུང་སིས་མཉམ་ལས་གཉིས་ཁེ་བྱེད་པར་དགའ་བསུ་ཞུ། (རྒྱུགས་གཏོང་བའི་བརྒྱུད་རིམ་ཧྲིལ་པོར་བལྟ་ཆོག)

        མི་དམངས་ཉེན་རྟོག་པས་སློབ་གསོ་བརྒྱབ་པ་བརྒྱུད། ཝང་ཆེ་གེ་མོས་ངོས་ལེན་ཞུས་ཤིང་། ཁོ་པས་ལམ་འགྲམ་གྱི་བརྡ་ཆ་ཞིག་ཏུ་ཡོད་པའི་སྐད་འཕྲིན་གྱི་རྩ་གཉིས་ཨང་རྟགས་བཤེར་ནས“ཁ་ལོ་བའི་ལག་ཁྱེར་ཚབ་གཉེར”ཞེས་པའི་དྲ་གྲོགས་དེ་བསྣན་པ་དང་འབྲེལ་ཁོ་པའི་ས་ནས“ཁ་ལོ་བའི་ལག་ཁྱེར་ཚབ་གཉེར”གྱི་ཆ་འཕྲིན་མཐོང་བྱུང་། སྐབས་དེ་དུས་ང་རང་ཁ་ལོ་བའི་ལག་ཁྱེར་གྱི་རིམ་པ་སྤོར་བཞིན་པའི་སྒང་ཡིན་སྟབས། ཆ་འཕྲིན་དེ་ལྟ་བུ་མཐོང་སྐབས་འཕྲལ་མར་ཁ་ལོ་བའི་སློབ་གྲྭའི་སྐད་འཕྲིན་ཚོགས་པར་བརྒྱུད་སྐུར་བྱས་པ་ཡིན། ཆ་འཕྲིན་བསྐུར་རྗེས་ང་བཙལ་ནས་ཁ་ལོ་བའི་ལག་ཁྱེར་གཉེར་མཁན་མ་བྱུང་ཞེས་བཤད།
        བརྟག་དཔྱད་བྱས་པ་བརྒྱུད། སྐྱེས་པ་དེས་སྐད་འཕྲིན་ཚོགས་པར་ཁྲིམས་འགལ་གྱི“ཁ་ལོ་བའི་ལག་ཁྱེར་ཚབ་གཉེར”གྱི་བརྡ་ཆ་ཐེངས་གཅིག་བསྐུར་བ་དང་འབྲེལ་ཉོ་ཚོང་བྱས་པའི་ཟིན་ཐོ་མེད་པ་རེད། ཁ་ལོ་བའི་ལག་ཁྱེར་ཉོ་ཚོང་གི་ཁྲིམས་འགལ་བྱེད་སྤྱོད་ལག་བསྟར་བྱས་མེད་པས། མི་དམངས་ཉེན་རྟོག་པས་ཁོ་པར་བསླབ་འདོམས་བྱས་པ་དང་ཐ་ཚིག་བསྒྲགས་པ་རེད།
        མཐར་མི་དམངས་ཉེན་རྟོག་པས་སློབ་གསོ་བརྒྱབ་པ་བརྒྱུད། ཝང་ཆེ་གེ་མོས་རང་ཉིད་ཀྱི་ནོར་འཁྲུལ་ལ་ངོས་འཛིན་ཐུབ་ཅིང་། གནད་དོན་གྱི་ཚབས་ཆེན་རང་བཞིན་ཡང་གསལ་པོར་རྟོགས་པ་རེད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ང་གཉིས་པར།
    གཤམ་གྱི་བྱེད་སྤྱོད་གང་རུང་ཐོན་རིགས་ལ་ཉིན་10ནས་15མན་གྱི་བཀག་ཉར་བྱེད་པ་དང་འབྲེལ་སྒོར་1000མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆུང་རིགས་ལ་ཉིན་5ནས་10མན་གྱི་བཀག་ཉར་བྱེད་པ་དང་འབྲེལ་སྒོར་500མན་གྱི་དངུལ་ཆད་གཅོད་རྒྱུ།
    (གཅིག)རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས། བྱ་གཞག་ཚན་པའམ་ཡང་ན་རྩ་འཛུགས་གཞན་དག་གི་གཞུང་ཡིག་དང་། ལག་ཁྱེར། ར་སྤྲོད་ཡིག་ཆ། ཐམ་ག་བཅས་རྫུན་མ་བཟོས་པ་དང་བསྒྱུར་ནས་བཟོས་པའམ་ཡང་ན་ཉོ་ཚོང་བྱེད་རིགས།
    (གཉིས)རྫུན་མ་བཟོས་པ་དང་བསྒྱུར་ནས་བཟོས་པའི་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས། བྱ་གཞག་ཚན་པའམ་ཡང་ན་རྩ་འཛུགས་གཞན་དག་གི་གཞུང་ཡིག་དང་། ལག་ཁྱེར། ར་སྤྲོད་ཡིག་ཆ་བཅས་ཉོ་ཚོང་དང་བེད་སྤྱོད་བྱེད་རིགས།
    (གསུམ)རླངས་འཁོར་གྱི་སྤ་སེ་དང་། གྲུ་གཟིངས་ཀྱི་སྤ་སེ། གནམ་གྲུའི་སྤ་སེ། རིག་རྩལ་འཁྲབ་སྟོན་གྱི་སྤ་སེ། ལུས་རྩལ་འགྲན་བསྡུར་གྱི་སྒོ་འཛིན་ནམ་ཡང་ན་རིན་འབབ་བསྡུ་བའི་སྤ་སེ་དང་དཔང་ཡིག་རྫུན་མ་བཟོས་པ་དང་། བསྒྱུར་ནས་བཟོས་པ། ལོག་ཚོང་བཅས་བྱེད་རིགས།
    (བཞི)གྲུ་གཟིངས་ཀྱི་ཨང་རྟགས་རྫུན་མ་བཟོས་པ་དང་བསྒྱུར་ནས་བཟོས་པ་དང་། རྫུན་མ་བཟོས་པ་དང་བསྒྱུར་ནས་བཟོས་པའི་གྲུ་གཟིངས་ཀྱི་ཨང་རྟགས་ཉོ་ཚོང་དང་བེད་སྤྱོད་བྱེད་པའམ། ཡང་ན་གྲུ་གཟིངས་ཀྱི་ཨིན་ཇིའི་ཨང་ཀི་གསུབ་སྒྱུར་བྱས་རིགས།
རྩོམ་སྒྲིག་པ། བདེ་སྒྲོལ།