དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཉིང་སྐྱུར་བརྟག་དཔྱད་སྙན་ཞུ་རྫུན་མ་སྟོན་མཁན་གཉིས་བཟུང་འདུག

སྤེལ་དུས 2021-06-10 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          ཟླ་5ཚེས་27ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སུ་མང་ཚོགས་ཀྱི་ཐེར་འདོན་གོང་ཞུའི་ཁ་པར་འབྱོར་ནས། “མི་སྒེར་གྱི་ཉིང་སྐྱུར་བརྟག་དཔྱད་སྙན་ཞུ་རྫུན་མ་བསྟན་ནས་གྲང་ཕྲེང་དངོས་ཟོག་ལྷ་སར་དབོར་གྱི་འདུག”ཅེས་བརྗོད། སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་དུ་མི་སྒེར་གྱི་ཉིང་སྐྱུར་བརྟག་དཔྱད་སྙན་ཞུ་བསྟན་ནས་གྲང་ཕྲེང་དངོས་ཟོག་དབོར་མཁན་2རྩད་ཆོད་པས། དུས་ཐོག་ཏུ“རིམས་ནད་ཕྱི་ནས་འགོ་བའི”མངོན་མེད་རྐྱེན་ངན་བསལ་བ་རེད།
རག་རྒན་གསེར་བརྫུས་བདེན་པ་ཡིན་ཁུལ་བྱས།

          བརྟག་དཔྱད་བྱས་པ་བརྒྱུད། 2021ལོའི་ཟླ་5ཚེས་22ཉིན་གྲང་ཕྲེང་དངོས་ཟོག་དབོར་མཁན་ཁ་ལོ་བ་ཧའོ་ཆེ་གེ་མོ་དང་ཤའོ་ཆེ་གེ་མོས་རྒྱལ་ནང་ནས་ཐོན་སྐྱེད་བྱས་པའི་འཁྱགས་བཏང་བའི་ཕག་ཤ་ཁག་གཅིག་ལྷ་སར(ཁག་འདིའི་འཁྱགས་བཏང་བའི་ཕག་ཤར་ཉིང་སྐྱུར་བརྟག་དཔྱད་བྱས་རྗེས་སྲིབ་གཤིས་ཡིན་པ)དབོར་བ་དང་། ཁ་ལོ་བས་ཉིང་སྐྱུར་བརྟག་དཔྱད་མ་བྱས་པར་ལིའུ་ཆེ་གེ་མོའི་ས་ནས་སྒོར་150སྤྲད་དེ་མི་སྒེར་གྱི་ཉིང་སྐྱུར་བརྟག་དཔྱད་སྙན་ཞུ་རྫུན་མ་ཉོས་ནས་ལྷ་ས་གྲོང་ཁྱེར་དུ་ཡོང་བ་རེད། མི་དེ་གཉིས་ཀྱིས་སྟེས་དབང་གི་བསམ་བློ་བཅངས་ནས་རག་རྒན་གསེར་བརྫུས་ཀྱིས་བརྟག་དཔྱད་ལས་གཡོལ་ཐབས་བྱས་ཏེ། རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་རྦད་དེ་སྣང་མེད་དུ་བཏང་ཡོད།
ཁྲིམས་ལས་འགལ་ཚེ་ཉེས་ཆད་མི་ཕོག་ཅི།

          ཤའོ་ཆེ་གེ་མོ་དང་ཧའོ་ཆེ་གེ་མོས་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས། བྱ་གཞག་ཚན་པའམ་ཡང་ན་རྩ་འཛུགས་གཞན་དག་གི་གཞུང་ཡིག་དང་། དཔང་རྟགས། ལག་ཁྱེར་ཡིག་ཆ་བཅས་རྫུན་བཟོ་དང་བཟོ་བཅོས་བརྒྱབ་པས། 《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ང་གཉིས་པའི་གཏན་འབེབས་ལྟར། ཁྲིམས་བཞིན་མི་དེ་གཉིས་ལ་སྲིད་འཛིན་བཀག་ཉར་ཉིན་10ཡི་ཆད་པ་བཅད་པ་མ་ཟད། ལིའུ་ཆེ་གེ་མོས་ཉིང་སྐྱུར་བརྟག་དཔྱད་དཔང་ཡིག་རྫུན་མ་བཟོས་པ་ཁོངས་གཏོགས་ཁུལ་གྱི་རིམས་འགོག་གཞུང་དོན་ཁང་དང་སྤྱི་བདེ་ལས་ཁུངས་ལ་བརྡ་ཁྱབ་བཏང་བ་དང་། དེ་དང་དུས་མཚུངས་གནས་ཚུལ་འདི་རིགས་ལ་མདུན་ཕྱོགས་ཀྱི་ཞིབ་བཤེར་ས་ཚིགས་ཀྱིས་དོ་སྣང་བྱེད་དགོས་པའི་བརྡ་ཁྱབ་བཏང་བ་རེད།
རིམས་ནད་འགོག་པ་ཚང་མར་འགན་འཁྲི་ཡོད།
          ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་རིམས་ནད་གཞུང་དོན་ཁང་གིས་དྲན་སྐུལ་བྱས་དོན། “མི་དང་དངོས་ཟོག་གཉིས་ཀ་ནས་རིམས་ནད་འགོག་པ”དང“རིམས་ནད་ཕྱི་ནས་མི་འགོ་བ”བྱ་རྒྱུ་ནི་བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་རྩ་དོན་གལ་ཆེན་ཞིག་ཡིན་པས། བོད་དུ་ཡོང་མཁན་གྱིས་དངོས་ཡོད་ལྟར་འགྲོ་སྐྱོད་ཨང་རྟགས་དང་བདེ་ཐང་ཨང་རྟགས་སུ་ཆ་འཕྲིན་ཇི་མ་ཇི་བཞིན་འགོད་དགོས་པ་དང་། ལྷག་དོན་དུ་ཉེན་ཁ་ཆེ་འབྲིང་ཁུལ་ནས་ལྷ་སར་ཡོང་མཁན་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཏན་འབེབས་ལ་དེ་བས་བརྩི་སྲུང་ཞུ་དགོས། དེས་ན། རང་རྟོགས་ངང་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་ཁྱེར་ནས་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྤྱི་ཡོངས་ལ་གཞོགས་འདེགས་བྱེད་དགོས། དེ་དང་དུས་མཚུངས། གལ་ཏེ་རྒྱ་ཆེའི་གྲོང་མི་ཚོས་རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་ཁུངས་སྣེ་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་ཐེར་འདོན་བྱེད་རོགས། ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་བཞིན་འཕྲལ་མར་རྩད་གཅོད་བྱ་རྒྱུ་ཡིན།
རྩོམ་སྒྲིག་པ། བདེ་སྒྲོལ།