ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

བོད་ཀྱི་དམངས་འཚོ་དང་ཁོར་ཡུག་སྲུང་སྐྱོང་སྐོར་ལ་ཞི་ཅིན་ཕིང་གིས་འདི་ལྟར་ནན་བཤད་གནང་བ།

སྤེལ་དུས 2021-07-29 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

            བོད་ཀྱི་དམངས་འཚོ་དང་ཁོར་ཡུག་སྲུང་སྐྱོང་སྐོར་ལ་ཞི་ཅིན་ཕིང་གིས་འདི་ལྟར་ནན་བཤད་གནང་བ།
            གཅིག འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་དགོས་ཤིང་། འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་གཏོང་བ་འཇུག་གཞིར་བྱེད་པ་དང་། རྒྱུ་རྐྱེན་གཙོ་བོ་དང་སྒྲིག་བཀོད་འཛུགས་སྐྲུན་འདེགས་སྐྱོར་དུ་བྱེད་པ། ལམ་ལུགས་ལམ་སྲོལ་འགན་ལེན་དུ་བྱེད་པ་བཅས་ཀྱིས་སྤྱི་འདོམས་འཆར་འགོད་དང་། རིགས་དབྱེ་ཇུས་བསྟར། གནད་སྨིན་ཤུགས་འདོན་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།
            གཉིས། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་ནུས་ཤུགས་སྔར་བས་ཆེ་བ་འདོན་པ་དང་། ཐབས་ཤེས་དེ་བས་མང་བ་འདོན་པ། རྗེས་མཐུད་རོགས་སྐྱོར་དང་རྒྱབ་སྐྱོར་དེ་བས་མང་བ་བྱེད་དགོས། གྲོང་གསེབ་དར་རྒྱས་གཏོང་བ་དང་སྦྲེལ་མཐུད་ཡག་པོ་བྱེད་པ་དང་། ལྷག་པར་དུ་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་འགྲིམ་འགྲུལ་སྒྲིག་བཀོད་དང་། སྨན་བསྟེན་སློབ་ཞུགས། རྒན་གསོ་དང་སྤྱི་ཚོགས་འགན་སྲུང་སོགས་ཚང་མར་ཁྱབ་པར་བྱེད་དགོས།
            གསུམ། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སོགས་རྣམ་གྲངས་ལ་དམིགས་ཏེ། གཙོ་གནད་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཁག་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མཐུན་སྒྲིལ་གྱི་ལམ་དང་བདེ་སྐྱིད་ཀྱི་ལམ་དེ་བས་མང་བ་སྐྲུན་དགོས།
            བཞི། ལས་ཞུགས་བསྡུ་ལེན་གྱི་ནུས་པ་སྐྱེད་སྲིང་དང་རོགས་སྐྱོར་བྱས་ནས། ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་དང་ཐབས་ལམ་མང་བའི་ཁྲོམ་རའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས།
            ལྔ། རང་བྱུང་རིག་པ་དང་། བཟོ་རིག་པ། ཞིང་ལས་རིག་པ། གསོ་བ་རིག་པ་བཅས་ཀྱི་ཤེས་ལྡན་མི་སྣ་དཀོན་རིགས་དེ་བས་མང་བ་གསོ་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྱུང་འགྱུར་ཁྲོམ་རའི་དགོས་མཁོར་གཞིགས་ནས་ལས་རིགས་སློབ་གསོ་ཡག་པོ་གཉེར་བ། ཚན་རིག་དང་མཐུན་པའི་རིག་ཚན་བཀོད་སྒྲིག་རིམ་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། ཆེད་ལས་དང་རྩལ་ནུས་ཅན་གྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།
            དྲུག སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་པ་དང་། ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་སོགས་ལ་སྲུང་སྐྱོང་ཡག་པོ་བྱས་ནས། མཚོ་བོད་ས་མཐོ་རྒྱལ་ཡོངས་ཙམ་མ་ཟད། ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་གཏོད་དགོས།
            བདུན། མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁོར་ཡུག་འགྱུར་ལྡོག་གི་གནས་ལུགས་རྒྱུ་མཚན་གསལ་སྟོན་བྱེད་དགོས། གོ་ལ་ཧྲིལ་པོའི་གནམ་གཤིས་ཀྱི་འགྱུར་ལྡོག་དང་མིའི་རིགས་ཀྱི་བྱེད་སྒོས་མཚོ་བོད་ས་མཐོར་ཐེབས་པའི་ཤུགས་རྐྱེན་ཁོང་དུ་ཡང་དག་ཆུད་པར་བྱས་ནས། སྲུང་སྐྱོང་དང་། སླར་གསོ། བཅོས་སྐྱོང་བཅས་ཀྱི་ཆ་ལག་ཚང་བའི་ཇུས་གཞི་དང་ལས་གྲྭའི་བྱ་ཐབས་ཞིབ་འཇུག་བྱས་ནས་འདོན་དགོས།
            བརྒྱད། ཁ་གསབ་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་བཅོས་ཟུང་འབྲེལ་ལ་སྐུལ་འདེད་གཏོང་བ། ཕྱོགས་ཁག་གི་ཧུར་སེམས་དེ་བས་ལེགས་པའི་སྒོ་ནས་སྐོང་འཐེན་བྱས་ཏེ། སྐྱེ་ཁམས་བཟང་པོ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་ཀྱི་འཁོར་རྒྱུག་བཟང་བའི་ཕུགས་ཕན་ལམ་སྲོལ་ཞིག་ཆགས་པར་བྱེད་དགོས།
            དགུ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་དང་དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་སྤྱད་དེ། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་སེམས་ཁྲལ་སེལ་རོགས་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།