ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

དངོས་གཞིའི་སློབ་མ་གསར་པ105ཡིས་སློབ་ཞུགས་ཐོབ་ཐང་དོར་བ།

སྤེལ་དུས 2021-10-19 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
             ཉེ་ཆར། ཨན་ཧུའེ་དགེ་འོས་སློབ་ཆེན་སློབ་དོན་ཁྲུའུ་ཡིས《ལིའུ་ཆེ་གེ་མོ་སོགས་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞིའི་སློབ་མ་གསར་པ་105ལ་སློབ་ཞུགས་ཐོབ་ཐང་དོར་བའི་ཐག་གཅོད་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ་རེད། 
             སྤྱི་བསྒྲགས་ནང་བཤད་དོན། 2021ལོའི་ཟླ་10ཚེས་9ཉིན་བར་ཨན་ཧུའེ་དགེ་འོས་སློབ་ཆེན་2021རིམ་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞིའི་སློབ་མ་གསར་པ་105ཡིས་སློབ་གྲྭའི་གཏན་འབེབས་དུས་ཚོད་ནང་སློབ་གྲྭར་སློབ་ཞུགས་འགྲོ་ལུགས་འགྲིམས་མེད་པ་རེད། སློབ་མ་གནས་དགོས་སའི་སློབ་གླིང་གིས་འབྲེལ་གཏུག་ཐེངས་མང་བྱས་པ་བརྒྱུད་སློབ་མ་ཁག་གཅིག་གིས་སློབ་ཞུགས་ཐོབ་ཐང་འདོར་རྒྱུ་གསལ་པོ་བཤད་པ་ལས་སློབ་མ་ཁག་ཅིག་གིས་སྔར་བཞིན་ལན་མ་བཏབ་པ་རེད།

             སློབ་གསོ་པུའི་འབྲེལ་ཡོད་གཏན་འབེབས་ལྟར། རྒྱལ་ཁབ་ཀྱི་སློབ་བསྡུའི་གཏན་འབེབས་ལྟར་བསྡུས་པའི་སློབ་མ་གསར་པས་སློབ་བསྡུའི་བརྡ་ཐོ་འཁྱེར་བཞིན་སློབ་གྲྭའི་འབྲེལ་ཡོད་བླང་བྱ་དང་གཏན་འབེབས་ཀྱི་དུས་ཚད་ལྟར་སློབ་གྲྭར་སློབ་ཞུགས་ཀྱི་འགྲོ་ལུགས་འགྲིམ་དགོས། རང་གི་རྒྱུ་རྐྱེན་གྱི་དབང་གིས་དུས་བཀག་ལྟར་སློབ་གྲྭར་ཞུགས་མ་ཐུབ་ཚེ་སློབ་གྲྭར་དགོངས་པ་ཞུ་དགོས། དགོངས་པ་མ་ཞུས་བའམ་ཡང་ན་དགོངས་པ་ཞུ་དུས་ལས་ཡོལ་རིགས། འགོག་ཐབས་བྲལ་བའི་རྐྱེན་ངན་སོགས་པའི་ལུགས་མཐུན་གྱི་རྒྱུ་རྐྱེན་ཕུད་སློབ་ཞུགས་ཐོབ་ཐང་དོར་བར་བརྩི་རྒྱུ་ཞེས་འཁོད་ཡོད། 
             སློབ་གྲྭའི་འབྲེལ་ཡོད་གཏན་འབེབས་ལྟར། རྒྱལ་ཁབ་ཀྱི་སློབ་བསྡུའི་གཏན་འབེབས་ལྟར་རང་རེའི་སློབ་གྲྭས་བསྡུས་པའི་སློབ་མ་གསར་པས་སློབ་བསྡུའི་བརྡ་ཐོ་འཁྱེར་བཞིན་སློབ་གྲྭའི་གཏན་འབེབས་ཀྱི་དུས་ཚད་ལྟར་སློབ་གྲྭར་སློབ་ཞུགས་ཀྱི་འགྲོ་ལུགས་འགྲིམ་དགོས། རྒྱུ་རྐྱེན་གཞན་པའི་དབང་གིས་དུས་ལྟར་སློབ་གྲྭར་ཞུགས་མ་ཐུབ་ན། སྔོན་ལ་ཡིག་ཐོག་གི་རྣམ་པས་མི་ཚད་འབྲེལ་ཡོད་ཀྱི་བདེན་དཔང་ཟུར་དུ་བཀོད་ནས་ཁོངས་གཏོགས་སློབ་གླིང་ལ་དགོངས་ཞུ་བྱ་དགོས། གནས་སའི་སློབ་གླིང་ནས་སློབ་དོན་ཁང་ལ་སྙན་སེང་ཐོ་འགོད་བྱ་དགོས། དགོངས་པ་སྟེར་ཡུན་སྤྱིར་བཏང་དུ་གཟའ་འཁོར་གཉིས་ལས་བརྒལ་མི་ཆོག དགོངས་པ་མ་ཞུས་པའམ་དགོངས་པ་ཞུ་དུས་ལས་ཡོལ་རིགས། འགོག་ཐབས་བྲལ་བའི་རྐྱེན་ངན་སོགས་པའི་ལུགས་མཐུན་རྒྱུ་རྐྱེན་ཕུད་སློབ་ཞུགས་ཐོབ་ཐང་དོར་བར་བརྩི་རྒྱུ་ཞེས་འཁོད་ཡོད།