ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

དཀྲོག་གཏམ་འདིའི་ཐད་ཧྲང་ཧེ་ཡིས་ལན་གསལ་པོ་བརྒྱབ་ཡོད།

སྤེལ་དུས 2022-05-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

          ཉེ་ཆར། ཧྲང་ཧའེ་ཡི་སྐད་འཕྲིན་ཚོགས་པ་ཞིག་ཏུ་གྲོང་མིའི་རྐུ་འགོག་སྒོ་གཏོར་སྐྱོན་ཕོག་པའི་པར་རིས་ཤིག་ཁྱབ་ཡོད་པ་སྟེ། རྐུ་འགོག་སྒོ་བཀོག་ནས་གཅུས་ཡོད་ལ་སྒོ་ཟྭ་ཡང་བཅག་ཟིན། སྐད་འཕྲིན་ཁ་བརྡའི་ཟིན་ཐོའི་ནང“ང་ཚོའི་ཐོག་ཁང་དུ་མི་ཞིག་ཉིང་སྐྱུར་བཤེར་འཇལ་མཇུག་འབྲས་སྲིབ་གཤིས་ཡིན་རུང་འཛིན་བཟུང་བྱས་ནས་ཁྲིད་ཟིན་པ་དང་། ལྡེ་མིག་མ་སྤྲད་སྟབས་ཁོ་ཚང་གི་སྒོ་ཡང་གཏོར་སོང་།”ཞེས་བྲིས་ཡོད། དྲ་གྲོགས་དེས་བཤད་པ་བདེན་པ་ཡིན་ནམ།
          ཧྲང་ཧའེ་ཡི་རྫུན་གཏམ་ཐེར་འདོན་ལས་སྟེགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་དེ་བདེན་པ་མ་རེད། ཁྱབ་ཁོངས་དེའི་སྤྱི་བདེའི་སྡེ་ཁག་གིས་ཞིབ་བཤེར་བྱས་པ་ལྟར་ན། རྐུ་འགོག་སྒོ་གཏོར་སྐྱོན་བྱུང་བའི་པར་རིས་ནི་ཧོང་ཕུའུ་ཆུས་ཀྱི་ཐོག་ཁང་ཞིག་གི་སྒོ་རྟགས་ཨང408ཚང་ཡིན་ལ། པར་ལེན་མཁན་ནི་དེ་དང་ཐོག་ཁང་གཅིག་པའི་སྒོ་རྟགས་ཨང608ཚང་གི་ཁང་བདག་རེད། སྒོ་རྟགས་ཨང608ཚང་གི་ཁང་བདག་གིས་ཟླ5པའི་ཚེས9ཉིན་གྱི་ཆུ་ཚོད13ཙམ་ལ་ཡུལ་དངོས་ཀྱི་པར་རིས་དེ་སྐད་འཕྲིན་ཚོགས་པར་བསྐུར་བ་མ་ཟད། ད་དུང“ང་ཚོའི་ཐོག་ཁང་དུ་མི་ཞིག་ཉིང་སྐྱུར་བཤེར་འཇལ་མཇུག་འབྲས་སྲིབ་གཤིས་ཡིན་རུང་འཛིན་བཟུང་བྱས་ནས་ཁྲིད་ཟིན་པ་དང་། ལྡེ་མིག་མ་སྤྲད་སྟབས་ཁོ་ཚང་གི་སྒོ་ཡང་གཏོར་སོང་།”ཞེས་པའི་ཆ་འཕྲིན་སྤེལ་བ་རེད། ཁོས་དེ་ལྟར་བརྗོད་པ་ནི་ཚོད་དཔག་བྱས་པ་ཞིག་ཡིན་པས་དོན་དངོས་ཀྱི་གཞི་འཛིན་ས་མི་འདུག
           བརྟག་དཔྱད་བྱས་པ་བརྒྱུད་དེ། སྒོ་རྟགས་ཨང408ཚང་གི་རྐུ་འགོག་སྒོ་ལ་གཏོར་སྐྱོན་ཤོར་བའི་གནས་ཚུལ་ནི་དོན་དངོས་ཐོག་ཁང་བདག་དེ་ཟླ4པའི་ཟླ་མཇུག་ཏུ་ཐོག་ཁང་ལས་མར་བབས་ནས་ཉིང་སྐྱུར་བཤེར་འཇལ་བྱེད་དུ་འགྲོ་སྐབས་ལྡེ་མིག་འཁྱེར་རྒྱུ་བརྗེད་པས། ཕྱིས་སུ་མེ་ཟོན་མི་སྣར་འབྲེལ་བ་བྱས་ནས་སྒོ་གཏོར་བས་རྐུ་འགོག་སྒོ་དེ་ལྟར་ཆག་པ་རེད།
          མིག་སྔར་ཁྱབ་ཁོངས་དེའི་ཉེན་རྟོག་ཕྱོགས་ཀྱིས་སྒོ་རྟགས་ཨང608ཚང་གི་ཁང་བདག་གིས་དོན་དངོས་མ་ཡིན་པའི་གནས་ཚུལ་སྤེལ་བར་སློབ་གསོ་ནན་པོ་གཏོང་བཞིན་ཡོད་ལ། མི་དེའི་རྣམ་འགྱུར་དྲང་མོ་ཡིན་ལ་རང་གི་ནོར་འཁྲུལ་ཡང་ངོས་ལེན་བྱས། ད་ལྟ་མུ་མཐུད་ཐག་གཅོད་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།