ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཧྥུ་ཀྲེང་ཧྭ་ལ་ཁྲིམས་ཐག་བཅད་འདུག

སྤེལ་དུས 2022-09-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       སྤྱི་ལོ་2022ལོའི་ཟླ་9ཚེས་22ཉིན། ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རིན་གཞོན་པ་ཧྥུ་ཀྲེང་ཧྭ་ཡིས་ལྐོག་རྔན་བླངས་པ་དང་ཉེར་ཕྱོགས་ཁྲིམས་འགལ་བྱས་པའི་གྱོད་གཞིའི་ཁྲིམས་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཧྥུ་ཀྲེང་ཧྭ་ཡིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པར་སྲོག་ཁྲིམས་གཅོད་རྒྱུའི་ཐག་བཅད་པ་དང་། དུས་ཡུན་ལོ་གཉིས་ནར་འགྱངས་བྱས་ནས་ལག་ལེན་བསྟར་རྒྱུ། ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུ་མ་ཟད་མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ་དང་། སྲོག་ཁྲིམས་སྤྱོད་རྒྱུ་དུས་འགྱངས་ལོ་གཉིས་བྱས་པ་ཐིམ་རྗེས་ཁྲིམས་ལྟར་ཚེ་གང་བཙོན་འཇུག་ལ་བསྒྱུར་རྗེས། ཚེ་གང་བཙོན་འཇུག་བྱ་རྒྱུ་དང་། དེ་ནས་ཁྲིམས་བཅད་ཡང་དུ་མི་གཏོང་བ་དང་ཚོད་བགམ་གློད་དཀྲོལ་མི་བྱ་རྒྱུ། ཉེར་ཕྱོགས་ཁྲིམས་འགལ་བྱས་པའི་ཉེས་པ་བསགས་པས་དུས་བཀག་བཙོན་འཇུག་ལོ་བཅུ་བཞི་བྱ་རྒྱུ། སྲོག་ཁྲིམས་གཅོད་རྒྱུའི་ཐག་བཅད་པ་དང་། དེ་དུས་ཡུན་ལོ་གཉིས་འགྱངས་ནས་ལག་ལེན་བསྟར་རྒྱུ་དང་། ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུ་མ་ཟད་མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ། སྲོག་ཁྲིམས་སྤྱོད་རྒྱུ་དུས་འགྱངས་ལོ་གཉིས་བྱས་པ་ཐིམ་རྗེས་ཁྲིམས་ལྟར་ཚེ་གང་བཙོན་འཇུག་ལ་བསྒྱུར་རྗེས། ཚེ་གང་བཙོན་འཇུག་བྱ་རྒྱུ་དང་། དེ་ནས་ཁྲིམས་བཅད་ཡང་དུ་མི་གཏོང་བ་དང་ཚོད་བགམ་གློག་དཀྲོལ་མི་བྱ་རྒྱུ། ཧྥུ་ཀྲེང་ཧྭ་ཡིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པའི་ཐོབ་ཆ་དང་དེའི་སྐྱེད་འཕེལ་གྱི་ཆ་ཤས་རྣམས་ཁྲིམས་ལྟར་གཞུང་བཞེས་གཏོང་རྒྱུ་མ་ཟད་རྒྱལ་མཛོད་ལ་གོང་འབུལ་ཞུ་རྒྱུ་ཡིན་པ་རེད།

       ཞིབ་བཤེར་རྩད་གཅོད་བྱས་པ་བརྒྱུད། སྤྱི་ལོ་2005ལོ་ནས་2021ལོའི་བར་ཞུ་སྦྱོར་ཕྱི་མ་ཧྥུ་ཀྲེང་ཧྭ་ཡིས་པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཅུས་ཀྲང་། པེ་ཅིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཁྲིམས་འཛིན་པུའི་པུའུ་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སོགས་ཀྱི་འགན་གནས་ཀྱི་སྟབས་བདེ་དང་། དེ་བཞིན་འགན་དབང་དང་གོ་གནས་སོགས་ལས་བྱུང་བའི་སྟབས་བདེ་སྤྱད་དེ། འབྲེལ་ཡོད་ཚན་པ་དང་མི་སྒེར་གྱི་ཁེ་ལས་གཉེར་སྐྱོང་དང་། གོ་གནས་ལེགས་སྒྲིག གྱོད་གཞི་ཐག་གཅོད་སོགས་ཀྱི་ཐད་ལུགས་མཐུན་མིན་པའི་རོགས་རམ་བྱས་པ་དང་། མི་སྒེར་གྱིས་ཐད་ཀར་བླངས་པའམ་གཉེན་ཚན་བརྒྱུད་ནས་བླངས་པའི་ཁྲིམས་འགལ་རྒྱུ་ནོར་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་1དང་བྱེ་བ་1དང་ས་ཡ་7ལྷག་ཟིན་ཡོད།
       སྤྱི་ལོ་2014ལོ་ནས་2015ལོའི་བར། ཧྥུ་ཀྲང་ཧྭ་ཡིས་པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གི་འགན་འཁུར་རིང་། ཁོ་པའི་གཅུང་པོ་ཧྥུ་ཝེ་ཧྭ་ཡིས་ཚབས་ཆེའི་ཉེས་པ་བསགས་པའི་གནད་དོན་གྱི་ཁུངས་སྣེ་སྦ་གསང་བྱས་ནས་གོང་ཞུ་བྱས་མེད་པ་དང་། ཁྲིམས་ལྟར་ཐག་གཅོད་བྱས་མེད་པས། ཧྥུ་ཝེ་ཧྭ་ལ་དུས་ཡུན་རིང་པོའི་ནང་ཁྲིམས་སྦྱོར་བདའ་འདེད་གཏོང་མཁན་བྱུང་མེད་པ་རེད།

       ཁྲང་ཁྲུན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས། ཞུ་སྦྱོར་ཕྱི་མ་ཧྥུ་ཀྲེང་ཧྭ་ཡི་བྱ་སྤྱོད་དེ་ལྐོག་རྔན་བླངས་པ་དང་ཉེར་ཕྱོགས་ཁྲིམས་འགལ་གྱི་བྱས་ཉེས་བསགས་པར་གཏོགས་པ་དང་། ཧྥུ་ཀྲེང་ཧྭ་ཡིས་ལྐོག་རྔན་བླངས་པའི་གྲངས་འབོར་ཧ་ཅང་ཆེ་བ་དང་། ཉེས་པ་ཚབས་ཧ་ཅང་ལྕི་བ། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་པ། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཧ་ཅང་ཆེན་པོ་བཟོས་པས། ཉེས་བགྲངས་བྱས་ན་ཁོ་པར་སྲོག་ཁྲིམས་གཅོད་དགོས་ངེས་ཡིན་པ། ཧྥུ་ཀྲེང་ཧྭ་ཡིས་ཉེར་ཕྱོགས་ཁྲིམས་འགལ་བྱས་པའི་ཉེས་པ་ཧ་ཅང་ཚབས་ལྕི་བ་དང་། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་པས། དེར་ཡང་ཁྲིམས་ལྟར་ཆད་པ་གཅོད་དགོས་པ་མ་ཟད་ལྐོག་རྔན་བླངས་པའི་ཉེས་པ་བསགས་པ་དང་མཉམ་དུ་ཆད་པ་སྡེབ་གཅོད་བྱེད་དགོས། ཡིན་ནའང་ཧྥུ་ཀྲེང་ཧྭ་ཁྲིམས་ལ་སྦྱར་རྗེས་རང་གིས་ཉེས་པ་བསགས་པ་ཇི་མ་ཇི་བཞིན་བརྗོད་པ་དང་། རང་ཉེས་ངོས་ལེན་དང་འགྱོད་གཤགས་བྱས་པ། ལྐོག་རྔན་བླངས་པ་ཕྱིར་སྤྲོད་ཡག་པོ་བྱས་པ། ཚབས་ཆེའི་གྱོད་གཞི་གཞན་དག་གི་ཁུངས་སྣེ་ཐེར་འདོན་བྱས་པ་ཞིབ་བཤེར་བྱས་རྗེས་དོན་དངོས་དང་མཐུན་པ་བཅས་འགྱོད་བཤགས་ལེགས་སྒྱུར་གྱི་བྱ་བ་ཡག་པོ་སྒྲུབ་པས། ཁྲིམས་ལུགས་ཀྱི་གཏན་འབེབས་དང་བབ་བལྟས་ཐག་གཅོད་བྱེད་ཐབས་ལྟར་ཆད་པ་ཡང་གཅོད་བྱེད་ཆོག་པས། ཁོ་པར་སྲོག་ཁྲིམས་གཅོད་རྒྱུ་དེ་འཕྲལ་དུ་ལག་བསྟར་མ་བྱས་ན་འགྲིག་གི་ཡོད་པའི་ངོས་འཛིན་བྱས་ཡོད། ཧྥུ་ཀྲེང་ཧྭ་ཡིས་ཉེས་པ་བསགས་པའི་དོན་དངོས་དང་གནད་དོན་ལྷག་ཚུལ། རྒྱལ་ཁབ་དང་སྤྱི་ཚོགས་ཐོག་གནོད་འཚེ་ཚབས་ཆེན་བཟོས་པ་བཅས་ལ་གཞིགས་ཏེ། སྲོག་ཁྲིམས་སྤྱོད་རྒྱུ་དུས་འགྱངས་ལོ་གཉིས་བྱས་པ་ཐིམ་རྗེས་ཁྲིམས་ལྟར་ཚེ་གང་བཙོན་འཇུག་ལ་བསྒྱུར་རྗེས། ཚེ་གང་བཙོན་འཇུག་བྱ་རྒྱུ་དང་། དེ་ནས་ཁྲིམས་བཅད་ཡང་དུ་མི་གཏོང་བ་དང་ཚོད་བགམ་གློད་དཀྲོལ་མི་བྱ་རྒྱུའི་ཐག་བཅད་ཡོད། ཁྲིམས་ཁང་གིས་དེ་ལྟར་གོང་གསལ་གྱི་ཁྲིམས་ཐག་བཅད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།