ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

རིམས་འགོག་སྨན་ཁབ་རྒྱག་སྟངས་གསར་པ་ཐོན་འདུག

སྤེལ་དུས 2022-02-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            རིམས་འགོག་སྨན་ཁབ་ལ་རྒྱག་སྟངས་གསར་པ་བྱུང་ཡོད་དམ། རིམ་ལྡན་རིམས་འགོག་ནི་ཅི་ཞིག་ཡིན་ནམ། མི་ཚོགས་འདིའི་རིགས་དེའི་ཆ་རྐྱེན་དང་མཐུན་གྱི་ཡོད།
            རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལས་ཁུངས་ཀྱིས་སྤྱི་ཟླ2པའི་ཚེས19ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། རིམ་ལྡན་རིམས་འགོག་ནི་ཅི་ཞིག་ཡིན་ནམ། མི་སུ་འདྲ་ཞིག་གིས་རིམ་ལྡན་ལས་ཐར་བའི་སྨན་ཁབ་རྒྱག་ཆོག་གམ། གཤམ་ལ་གཟིགས་རོགས།
            རིམ་ལྡན་རིམས་འགོག་ནི་ཅི་ཞིག་ཡིན་ནམ།
            རིམ་ལྡན་རིམས་འགོག་ནི་ལག་རྩལ་ལམ་ཕྱོགས་མི་འདྲ་བའི་འགོག་ཁབ་དེ་དག་འགོག་ཁབ་རྒྱག་པའི་དུས་ཚོད་ངེས་ཅན་ནང་གི་རིམས་འགོག་སྨན་ཐེངས་ལ་ཟེར་ཞིང་། འགོག་ཁབ་ཀྱི་ཕན་འབྲས་ཇེ་མཐོར་གཏོང་བ་དང་ཆབས་ཅིག་བདེ་འཇགས་རང་བཞིན་ལ་བསམ་བློ་གཏོང་ཆེད་སྤྱད་པའི་འགོག་ཁབ་རྒྱག་ཐབས་ཤིག་ཡིན།
            སྤྱིར་བཏང་དུ་རྒྱུན་འགོག་སླ་བའི་ནད་དུག་དང་ནད་ལ་དམིགས་ནས། སྣ་གཅིག་གི་རིམས་འགོག་སྨན་ཁབ་བཀོལ་ན་ཆོག་མོད། འོན་ཀྱང་གཞན་འགྱུར་རང་བཞིན་དྲག་ཅིང་འགོག་དཀའ་བའི་ནད་དུག་ལ་རྒྱུན་པར་རིམ་ལྡན་རིམས་འགོག་གི་བྱེད་ཐབས་སྤྱོད་དགོས། གཙོ་བོ་དམིགས་ཡུལ་གཉིས་ཡོད་དེ། གཅིག་ནི་རིགས་མི་འདྲ་བའི་རིམས་འགོག་སྨན་ཁབ་བར་ལེགས་ཆ་གསབ་རེས་བྱས་ཆོག་པ་དང་། གཞན་མི་སྒེར་གྱི་གཟུགས་གཞི་མི་འདྲ་བས། རིགས་ག་གེ་མོའི་རིམས་འགོག་སྨན་ཁབ་ལ་གནོད་པ་ཅུང་མང་བས་རིམས་འགོག་སྨན་ཁབ་གཞན་ཞིག་བརྗེས་ཚེ་གནོད་པ་གཡོལ་ཐུབ།
            ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལས་ཁུངས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རིམ་ལྡན་ཤུགས་སྣོན་རིམས་འགོག་སྨན་ཁབ་རྒྱག་རྒྱུའི་བཀོད་སྒྲིག་བྱེད་འགོ་ཚུགས་ཡོད།
            མི་སུ་འདྲ་ཞིག་གིས་རིམ་ལྡན་རིམས་འགོག་སྨན་ཁབ་རྒྱག་ཆོག་གམ།
            ཐེངས་འདིའི་རིམ་ལྡན་རིམས་འགོག་ཁ་ཕྱོགས་ས་དེ། གཅིག་ནི་ལོ18ཡན་གྱི་མི་ཚོགས་ཡིན་ལ། གཉིས་ནི་སྨན་ཐེངས་གཉིས་པའི་རིམས་འགོག་སྨན་ཁབ་ཡིན་ཞིང་། སྨན་ཐེངས་གཉིས་པར་རྒྱལ་སྨན་ཀྲུང་ཧྲིན་པེ་ཅིན་ཀུང་སི་དང་། པེ་ཅིན་ཁུ་ཞན་ཀུང་སི། རྒྱལ་སྨན་ཀྲུང་ཧྲིན་ཝུའུ་ཧན་ཀུང་སིའི་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་བརྒྱབ་པ་ཡིན་དགོས། གསུམ་ནི་སྨན་ཐེངས་གཉིས་པོ་ཡོངས་སུ་བརྒྱབ་རྗེས། གོ་རིམ་ལྟར་འགོག་ཁབ་རྒྱག་པའི་བར་མཚམས་ཟླ་དྲུག་ལས་ཐུང་མི་རུང་། བཞི་ནི་རིམས་འགོག་ལ་ཤུགས་སྣོན་བྱས་མེད་པ་སྟེ། ཁབ་གསུམ་པ་རྒྱག་མ་མྱོང་བ་དེ་ཡིན།
            དེའི་གོང་བརྒྱུད་རིམ་ཧྲིལ་པོར་རྒྱལ་ཁབ་སྨན་རྫས་ཀྲུང་ཧྲེང་པེ་ཅིང་ཀུང་སི་དང་། ཝུའུ་ཧན་ཀུང་སི། པེ་ཅིང་ཁུ་ཞན་ཀུང་སི་བཅས་ཀྱི་གྲུང་སེལ་རིམས་འགོག་སྨན་ཁབ་དང་དེ་བཞིན་ཐེན་ཅིན་ཁང་ཤིས་ནུའོ་ཀུང་སིའི་རྨེན་བུའི་ནད་དུག་གི་གཞི་རྟེན་རིམས་འགོག་སྨན་ཁབ་བརྒྱབ་ནས་ཟླ་བ་དྲུག་ཡན་ཕྱིན་པའི་ལོ་18ཡན་གྱི་དམིགས་ཚད་མི་ཚོགས་ཡིན་ཕྱིན་འབྱུང་ཁུངས་གཅིག་མཚུངས་ཀྱི་ཤུགས་སྣོན་སྨན་ཁབ་བརྒྱབ་ཆོག་ལ། དེ་སྔའི་རིམས་འགོག་སྨན་ཁབ་སྤྱད་ནས་ཤུགས་སྣོན་ཡང་རྒྱག་ཆོག་གི་ཡོད་པ་རེད། གོ་རིམ་ལྟར་རིམས་འགོག་གི་ཐབས་ཇུས་ལག་བསྟར་བྱས་རྗེས། གོང་སྨོས་ཀྱི་གྲུང་སེལ་རིམས་འགོག་སྨན་ཁབ་རིགས་གསུམ་གྱི་དམིགས་འབེན་མི་ཚོགས་ལ་རྒྱག་ཆོག་པ་མ་ཟད། ད་དུང་ཀྲི་ཧྥེ་ལུང་ཁུ་མ་ཡི་བསྐྱར་སྒྲིག་སྤྲི་དཀར་གྱི་རིམས་འགོག་སྨན་རིགས། ཁང་ཞི་ནོའི་རྨེན་བུའི་ནད་དུག་གི་གཞི་རྟེན་རིམས་འགོག་སྨན་ཁབ་བཅས་བདམས་ནས་རིམ་ལྡན་རིམས་འགོག་ལ་ཤུགས་སྣོན་རྒྱག་དགོས།
            དམིགས་ཡུལ་འབེན་མི་ཚོགས་ཀྱི་ངོས་ནས་བཤད་ན། འབྱུང་ཁུངས་གཅིག་གི་ཐོག་ནས་འགོ་ནད་ལས་ཐར་བའི་སྨན་ཁབ་རྒྱག་པ་དང་རིམ་ལྡན་ཤུགས་སྣོན་རིམས་འགོག་སྨན་ཁབ་རྒྱག་རྒྱུ་ལས་རིགས་གཅིག་བདམས་ན་འགྲིག
            ཞིབ་འཇུག་གྲངས་གཞིའི་ཐོག་ནས་མངོན་པར། ཁུངས་གཅིག་གི་རིམས་འགོག་དང་རིམ་ལྡན་ཤུགས་སྣོན་སྨན་ཁབ་བརྒྱབ་ཚེ། རིམས་འགོག་གི་ཕན་འབྲས་སྔར་བས་ལེགས་སུ་འགྲོ་གི་ཡོད་པས། ཆ་རྐྱེན་འཛོམས་པའི་མི་སྣས་རང་འགུལ་ངང་སྨན་ཁབ་རྒྱག་པ་དང་སྔ་ཙམ་སྨན་ཁབ་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།