ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

བུ་ཆུང་ཚེ་རིང་གིས་བོད་ལུགས་གསོ་རིག་ཐད་འདི་འདྲ་བསྟན་འདུག

སྤེལ་དུས 2022-03-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
         ད་ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་བསྟན་དོན། བཟའ་བཏུང་དང་། ཞག་སྡོད། སིལ་ཚོང་། ཡུལ་སྐོར། འགྲུལ་སྐྱེལ་སོགས་ལས་རིགས་སུ་ལས་ཞུགས་ཀྱི་ཚད་མཐོ་བ་དང་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ཚབས་ཆེ་སྟབས། རོགས་སྐྱོར་སྲིད་ཇུས་ཁག་ནས་དམིགས་བསལ་དུ་གཟིགས་སྐྱོང་བྱས་ཏེ། ལས་རིགས་དང་ཁེ་ལས་འདི་དག་དཀའ་གནད་ལས་སྒྲོལ་བར་རྒྱབ་སྐྱོར་བྱས་པ་རེད་ཅེས་བསྟན་ཡོད།
         “དེ་རིང་སྲིད་གཞུང་གི་ལས་དོན་སྙན་ཞུར་ཉན་རྗེས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་། ན་ནིང་རྙོག་འཛིང་ཆེ་ལ་ཛ་དྲག་ཡིན་པའི་དཔལ་འབྱོར་གནས་བབ་དེ་འདྲ་ཞིག་གི་འོག རང་རྒྱལ་གྱི་དཔལ་འབྱོར་འཕར་ཚད8%ལས་བརྒལ་བ་དང་ནོར་སྲིད་ཡོང་འབབ10%ལས་བརྒལ་ཡོད་པས།  ངོ་མ་ལས་སླ་པོ་མ་རེད”ཅེས་བདུད་རྩི་བོད་སྨན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་པུའུ་ཡི་སྤྱི་གཉེར་བ་བུ་ཆུང་ཚེ་རིང་གིས་དེ་ལྟར་བརྗོད་པ་དང་། ད་ལོ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་སྐྱོད་པའི་གལ་ཆེའི་ལོ་ཞིག་ཡིན་ཞིང་།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུ་ཡིན་པ་དང་། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། “2021ལོར་ཀུང་སིའི་ཏང་ཨུའི་ཡང་དག་པའི་འགོ་ཁྲིད་དང་གཅིག་གྱུར་གྱི་བཀོད་སྒྲིག་འོག་ང་ཚོའི་ཀུང་སིར་གྲུབ་འབྲས་ཡག་པོ་ཐོབ། གོམ་སྟབས་རྗེས་མར་རྒྱལ་ཡོངས་ཚོགས་ཆེན་གཉིས་དང་བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མུ་མཐུད་སྤྱོད་ཚུལ་བཟང་པོ་དར་སྤེལ་དང་། དངོས་འཛིན་དངོས་སྒྲུབ་བྱེད་རྒྱུར་མཐོང་ཆེན་བྱེད་པ། རང་འགན་ལེགས་པར་བསྒྲུབས་པ་བཅས་ཀྱི་སྒོ་ནས། བོད་ལུགས་གསོ་རིག་གི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། བོད་སྨན་སྤུས་ལེགས་ཐོན་རྫས་གཏོད་དེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་གོང་འཕེལ་གཏོང་བར་ཁེ་ལས་ཀྱི་སྟོབས་ཤུགས་འབུལ་དགོས”ཞེས་བརྗོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།