ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

ཁུངས་མི་གསལ་བའི་བྱིས་པའི་མཆིན་ཚད་ཀྱི་ནད་དཔེ་མང་པོ་བྱུང་འདུག

སྤེལ་དུས 2022-04-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
         ལུའུ་ཐོའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ས་གནས་དེ་གའི་ཚེས23ཉིན་ཡོང་ཁུངས་མི་གསལ་བའི་དྲག་པོའི་རང་བཞིན་གྱི་མཆིན་ཚད་ཀྱི་ནད་དཔེ་བྱིས་པའི་ཁྲོད་མང་དུ་འགྲོ་བ་དང་བསྟུན་ནས། མིག་སྔར་བྱིས་པ1རྐྱེན་ལམ་དུ་ཤོར་བ་ཁྱབ་བསྒྲགས་བྱས་ཡོད་ཅེས་བསྟན་པ་རེད།
         བསྡོམས་རྩིས་བྱས་པར་གཞིགས་ན། རྒྱལ་ཁབ12གྱིས་ཉུང་མཐར་ཡང་བྱིས་པའི་ནད་དཔེ169ཁྱབ་བསྒྲགས་བྱས་པ་དེའི་ཁྲོད་དུ་ནད་དཔེ114ནི་དབྱིན་ཇི་ནས་བྱུང་བ་རེད། ཟླ4པའི་ཚེས21ཉིན་བར། ནད་དཔེ་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་ཁྲོད་དུ་དབྱིན་ཇི་ཕུད་ད་དུང་ཨ་རི་དང་། སི་ཕེན། དབྱི་སི་རལ། ཏེན་མག ཨེར་ལན། ཧོ་ལན། དབྱི་ཐ་ལི། ནོར་ཝེ། ཧྥ་རན་སི། རོ་མ་ནི་ཡ། པི་ལི་ཧྲི་བཅས་ཚུད་ཡོད་པ་རེད།
         འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྟན་དོན། ནད་དཔེ74ཡི་ཁྲོད་ནས་རྨེན་བུའི་ནད་དུག་ཡོད་པ་བརྟག་དཔྱད་བྱུང་ཡོད། དེའི་ཁྲོད་ཀྱི་ནད་དཔེ20ལ་ཏོག་གསར་ནད་དུག་འགོས་ཡོད་པ་དང་། ནད་དཔེ19ལ་དུས་མཚུངས་སུ་ཏོག་གསར་ནད་དུག་དང་རྨེན་བུའི་ནད་དུག་གཉིས་ཀ་འགོས་ཡོད་ཅེས་བསྟན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད་པ་མ་ཟད། དབྱིན་ཇིའི་འཕྲོད་བསྟེན་དབང་འཛིན་ལས་ཁུངས་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་ལས་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོན།