ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསོ་རིག་ཀུན་ཕན།

ཟི་ལིང་གི་ནད་པ་ཆུང་ཤོས་དེ་དྲག་སྐྱེད་བྱུང་བ།

སྤེལ་དུས 2022-05-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་གསུམ་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྨན་བཅོས་མི་སྣས་ཉིན་བཅུ་ལྷག་ཙམ་རིང་ལྟ་སྐྱོང་དང་སྨན་བཅོས་བྱས་པ་བརྒྱུད། སྤྱི་ཟླ་5ཚེས་3ཉིན་གྱི་དགོང་མོར་ཟི་ལིང་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་གསུམ་པའི་རིམས་ནད་སྨན་བཅོས་ཁུལ་དུ་སྨན་བཅོས་བྱས་པའི་ཐེངས་འདིའི་རིམས་ནད་ཁྲོད་ཀྱི་ལོ་ན་ཆུང་ཤོས་ཡིན་པའི་ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་ནད་པ་(ནད་རྟགས་མངོན་མེད་པའི་ནད་པ་ཨང་72པ། ཟླ་གཅིག་ལ་སླེབས་)ཨན་ཨན་ཞེས་པ་ཨ་མ་དང་མཉམ་དུ་སྨན་ཁང་ནས་དོན་པ་རེད།

     སྤྱི་ཟླ་4པའི་ཚེས་15ཉིན་ནས་ཚེས་21ཉིན་བར། ཨན་ཨན་དང་ཁོ་པའི་ཁྱིམ་མི་དག་ཁྱིམ་དུ་བསྡད་དེ་གསོ་རིག་ལྟ་ཞིབ་བྱས་ཤིང་སྐབས་དེར་ཉིང་སྐྱུར་ཚད་ལེན་བྱས་འབྲས་སྲིབས་གཤིས་ཡིན་པ་རེད། སྤྱི་ཟླ་4པའི་ཚེས་22ཉིན་ཉིང་སྐྱུར་ཚད་ལེན་བྱས་འབྲས་གདགས་གཤིས་སུ་གྱུར་རྗེས། ཁྱིམ་མི་དང་མཉམ་དུ་ཟི་ལིང་གྲོང་ཁྱེར་མི་དམངས་གསུམ་པའི་རིམས་ནད་སྨན་བཅོས་ཁུལ་དུ་བསྐྱལ་ནས་ལོགས་བཀར་སྨན་བཅོས་བྱས་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ཨན་ཨན་བསྟུད་མར་ཉིན་གཉིས་རིང་གི་ནད་དུག་ཉིང་སྐྱུར་ཚད་ལེན་བྱས་པའི་CTརིན་གྲངས་རྒྱལ་ཁབ་ཀྱི་《ཏོག་གསར་གློ་ཚད་རིམས་ནད་འགོས་པའི་གློ་ཚད་སྨན་བཅོས་ཇུས་གཞི་(པར་གཞི་དགུ་པ་)》ཡི་གཏན་འབེབས་ཚད་གཞི་དང་མཐུན་ཞིང་། ཚེ་སྲོག་བདེ་ཐང་ཡིན་པས། མཚོ་སྔོན་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར་གྱི་རིགས་གཅིག་མཁས་པས་དཔྱད་དཔོག་བྱས་པ་བརྒྱུད། སྨན་ཁང་ནས་དོན་ཆོག་པའི་ཚད་གཞི་དང་མཐུན་ཞིང་། སྨན་ཁང་ནས་དོན་རྗེས། ཨན་ཨན་དང་ཁོ་པའི་ཁྱིམ་མི་དག་སྡོད་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་དང་སྡེ་ཁུལ་གྱི་བཀོད་སྒྲིག་ལྟར། ཉིན་14ཡི་རིང་ལོགས་དབྱེའི་གསོ་རིག་ལྟ་ཞིབ་བྱས་རྗེས་རྒྱུན་ལྡན་གྱི་འཚོ་བར་རོལ་ཆོག་གི་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།