དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ།

སྤེལ་དུས 2021-03-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ཟླ་3ཚེས་26ཉིན་གྱི་སྔ་དྲོ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ཆེན་གྱི་ཚོགས་ར་ཡིན་པ། 
        ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་26ཉིན་གྱི་སྔ་དྲོ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་དེ་སྔའི་ཡོན་ཀྲང་གཞོན་པ་ཝུའུ་ཏེ་ཀང་གིས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད།
        ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཅང་ཅེ་དང་། ཧོ་ཝུན་ཧའོ། པད་མ་དབང་འདུས། ཝང་ཝེ་ཏུང་། ཁྲེན་ཡུང་ཆི། དབང་ཧའེ་ཀྲོའུ་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྒན་གྲས་པ་སངས་ཚོགས་འདུར་ཞུགས་ཡོད་པ་རེད།
        སྙན་ཞུའི་ཚོགས་འདུའི་ཐོག ཝུའུ་ཏེ་ཀང་གིས་ཏང་གི་ལོ་རྒྱུས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་དམ་པོར་དམིགས་ཏེ་སྦྱོང་དགོས་དོན་གང་ཡིན་པ་དང་། གང་སྦྱོང་དགོས་པ། ཇི་ལྟར་སྦྱོང་དགོས་པ་བཅས་ཕྱོགས་གསུམ་གྱི་ཐད་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་རྒྱུ་དེས་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་། ལོ་རྒྱུས་ཀྱི་ཆོས་ཉིད་ལ་ངོས་འཛིན། ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བཅས་བྱེད་པ་དང་། འགོ་འཛུགས་ས་གསར་པའི་ཐོག་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་ཧུར་ཐག་ལེན་པར་ལྡན་པའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་འཕེལ་རིམ་དང་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གཙོ་གནད་སོགས་ལ་དམིགས་ནས་ཆ་ལག་ཚང་བའི་གསལ་འགྲེལ་གནང་བ་རེད། སྙན་ཞུའི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་ནང་དོན་ཕུན་སུམ་ཚོགས་པ་དང་། ལུང་འདྲེན་ཁུངས་སྐྱེལ་ཟབ་པ་དང་དོན་ཟབ་ཚིག་གསལ་ཆེ་བས། ཆབ་སྲིད་ཀྱི་མཐོ་ཚད་ལྡན་ཡོད་ལ། རིགས་པའི་གཞུང་ལུགས་ཀྱི་གཏིང་ཚད་ཀྱང་ལྡན་པ་དང་། ལོ་རྒྱུས་ཀྱི་ཁྱབ་རྒྱ་ལྡན་ལ། དོན་དངོས་ཀྱི་དམིགས་སའི་རང་བཞིན་ཡང་ལྡན་པས། ལྗོངས་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་བར་དཔེ་ལྟ་ས་ཡག་པོ་དང་བློ་འབྱེད་ཟབ་མོ་མཁོ་འདོན་བྱས་ཡོད།
        ཝུའུ་དབྱིང་ཅེས་གཙོ་སྐྱོང་གི་གཏམ་བཤད་གནང་སྐབས་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཏང་གི་ལོ་རྒྱུས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ལྷག་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཉིད་མུ་མཐུད་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ཚད་གཞིར་འཛིན་པ་དང་ཡང་ཡང་བསྡུར་བ་དང་། ད་ཐེངས་ཀྱི་སྒྲོག་འགྲེལ་སྙན་ཞུ་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་ནས་ཕན་འབྲས་དངོས་ཐོན་པ་བྱེད་དགོས།
        གཅིག་ནས་སློབ་སྦྱོང་ནན་ཏན་བྱེད་དུ་བཅུག་སྟེ་ཚད་གཞི་དང་སྤུས་ཚད་མཐོ་པོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་བྱེད་དགོས། སློབ་སྦྱོང་གི་དམིགས་ཚད་ལ་དམ་པོར་དམིགས་ཏེ། ཏང་ཀྲུང་དབྱང་གི“ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག”བཅས་བྱེད་པ་དང“ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ”བཅས་ཀྱི་བླང་བྱར་གཞིགས་ཏེ་རང་འགུལ་ངང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བྱ་རྒྱུ་དེ་ཉིད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཟུང་འབྲེལ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བཅས་དང་ཟུང་འབྲེལ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཟུང་འབྲེལ་བཅས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”“ཁུང་ཧྥན་སེན་གྱི་སྙིང་སྟོབས”བཅས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་ཁྲིད་སྟོན་བྱས་ཏེ། དྲང་སྲུང་གསར་གཏོད་ཀྱིས་གོ་སྐབས་དམ་འཛིན་དང་ཡར་རྒྱས་ལྷུར་ལེན་གྱིས་རྣམ་པ་གསར་པ་གཏོད་དགོས། གཙོ་གནད་མངོན་གསལ་དོད་པོས་སློབ་སྦྱོང་དང་ཏང་གི་ལོ་བརྒྱའི་ལོ་རྒྱུས་སློབ་སྦྱོང་ནན་ཏན་བྱས་ཏེ། བོད་ཀྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཇི་ལྟར་བྱུང་བ་དང་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཇི་ལྟར་བྱུང་བར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས“འཇོན་དོན”དང་། མར་ཁེ་སི་རིང་ལུགས“འགྲིག་དོན”ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས“ཡག་དོན”བཅས་ལ་གོ་བ་གཏིང་ཟབ་ལེན་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཀྲུང་གོ་གུང་ཁྲན་ཏང་གདམ་ག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གདམ་ག་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གཞི་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་གསལ་པོར་ཤེས་པ་བཅས་བྱས་ཏེ། དེ་བས་བློ་བརྟན་འགྱུར་མེད་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་མཐའ་གཅིག་ཏུ་བྱེད་དགོས། སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ཏེ་རྒྱུན་གཏན་ནས་སློབ་སྦྱོང་དང་རྟག་ཏུ་སློབ་སྦྱོང་ལ་དམ་འཛིན་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་། ཕན་འབྲས་དངོས་ལ་མཐོང་ཆེན་བྱེད་པ། སློབ་སྲོལ་བཟང་པོ་དར་སྤེལ་གཏོང་བ། གཡོ་ཟོལ་མེད་པའི་ཐོག་ནས་ཕྱི་ཚུལ་རིང་ལུགས་སྤོངས་བ། ཏང་ཡོན་ལས་བྱེད་པར་སེམས་རྣལ་ལ་ཕབ་ནས་སྦྱོང་བ་དང་དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་དགོས་པའི་ཁྲིད་སྟོན་བཅས་བྱས་ཏེ་ཟབ་སྦྱོང་མཐིལ་རྟོགས་དང་མཐའ་གསལ་མཐིལ་རྟོགས་ཡོང་བ་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལས་དོན་ཐམས་ཅད་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་པའི་ཐད་དམིགས་པ་དང་ཤུགས་རྒྱག་པ། གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཉིད་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། གཞུང་ཞབས་པའི་འདུ་ཤེས་ཟབ་ཏུ་དང་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་སེམས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ལས་ཀ་རང་ཉིད་ཀྱི་ལས་ཀར་བརྩི་བ། དཀའ་ངལ་ཆེ་ཤོས་ཀྱི་ཚོགས་སྤྱི་ནས་འགོ་འཛུགས་པ་དང་། མངོན་གསལ་དོད་ཤོས་ཀྱི་གནད་དོན་ནས་དམ་འཛིན་བྱེད་པ། མང་ཚོགས་ཀྱི་འཕྲལ་མཁོ་ཆེ་ཤོས་ཀྱི་ཁེ་ཕན་ལ་དམིགས་པ་བཅས་བྱས་ཏེ། མིག་སྔར་གཞི་ཚུགས་ནས་མང་ཚོགས་ཀྱི“འཕྲལ་མཁོ་ཆེ་ཤོས་དང་། དཀའ་ངལ་ཆེ་ཤོས། སེམས་ཁྲལ་ཆེ་ཤོས། རེ་སྒུག་ཆེ་ཤོས”བཅས་ཀྱི་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱེད་དགོས་ལ། ཕུགས་ལ་དམིགས་ནས་དམངས་འཚོའི་གནད་དོན་ཐག་གཅོད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། བྱ་བཟང་ཡག་པོ་སྒྲུབ་པ་དང་མང་ཚོགས་བློ་མགུ་བ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས།
        གཉིས་ནས་དྲིལ་བསྒྲགས་དང་སྒྲོག་འགྲེལ་རྒྱ་ཁྱབ་བྱས་ཏེ་ཏང་གི་ལོ་རྒྱུས་དང་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་དགོས། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་དང་ཟུང་འབྲེལ་བྱས་ཏེ་གཅིག་སྡུད་དྲིལ་བསྒྲགས་ནུས་ལྡན་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་དང་། དམིགས་ཚད་བླང་བྱ། གཙོ་གནད་ལས་འགན། ལས་ཀའི་བཀོད་སྒྲིག་བཅས་གསལ་པོ་ཤོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་འཕེལ་རིམ་དང་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་དང་མི་རིགས་ཆེད་དུ་རླབས་ཆེན་གྱི་ལེགས་སྐྱེས་ཕུལ་བ་གསལ་པོ་ཤོད་དགོས། ལྷག་པར་དུ“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པའི”སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་གཞོན་ནུ་ལོ་ཆུང་སློབ་མར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་གསལ་པོ་ཤོད་པ་དང་། “ལམ་བཞི་ནས་བོད་དུ་སྐྱོད་པ”དང་། བོད་ལ་ཞི་བས་བཅིངས་འགྲོལ། ངོ་ལོག་ཟིང་འཁྲུག་ཞོད་འཇགས། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་སོགས་ཀྱི་ལོ་རྒྱུས་གསལ་པོ་ཤོད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཚུན་གྱི་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་གསལ་པོ་ཤོད་པ། མི་རིགས་ཁག་གི་མང་ཚོགས་ཚོའི་འཚོ་བ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་དང“མངོན་གསལ་དོད་པའི་ལེགས་ཆ་བཅུ་གསུམ”དང“མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅུ་གསུམ”གྱི་འབྲེལ་བ་གསལ་པོ་ཤོད་པ་བཅས་བྱས་ཏེ། ཁོང་ཚོར་ཆུང་དུས་ནས་ཏང་གི་ལོ་རྒྱུས་ནི་རྒྱལ་གཅེས་རིང་ལུགས་ཀྱི་འབད་འཐབ་ཀྱི་ལོ་རྒྱུས་དང་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་ཡིན་པ་ཤེས་སུ་འཇུག་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱས་ཚེ་གཞི་ནས་བོད་ལ་དར་རྒྱས་དང་ཡར་ཐོན་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ཐུབ་པ་ཤེས་སུ་བཅུག་སྟེ་གུང་ཁྲན་ཏང་གི་བཀའ་དྲིན་ཚོར་བ་དང་དུས་རབས་གསར་པར་འབད་འཐབ་བྱེད་པའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས།
        གསུམ་ནས་ལས་དོན་དངོས་ལ་སྐུལ་འདེད་བཏང་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་ཕན་འབྲས་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་གོ་སྐབས་སུ་བྱས་ནས་བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ལ་དམིགས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ་བཅས་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་བྱེད་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུའི་འགན་ལེན་བྱེད་པ། སྐྱེ་ཁམས་ཁོར་ཡུག་ཡག་པོ་ཡོང་བའི་འགན་ལེན་བྱེད་པ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་པ་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་བྱ་གཞག་ཁག་གི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།