དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་ས་གནས་ཁག་གིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ62འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གཟབ་རྒྱས་སྤེལ་བ།

སྤེལ་དུས 2021-03-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
 
         ཟླ3ཚེས28ཉིན་ནི་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཡིན་པ་དང་། ཉིན་ཤས་རིང་དུ་བོད་ལྗོངས་ཀྱི་ས་གནས་ཁག་གིས་བསྟུད་མར་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ62འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་རེད།
          ཆབ་མདོ་ནི་བོད་ལྗོངས་སུ་སྐར་ལྔའི་དར་དམར་ཐེངས་དང་པོ་བསྒྲེངས་ས་ཡིན། ཉིན་འདི་གཉིས་ཀྱི་རིང་ལ་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་རིགས་ཤང་དུ་སྙན་འཇེབས་ལྡན་པའི་པི་ཝང་དང་བསྟུན་ནས་ཚང་མས་སྲོལ་རྒྱུན་གྱི་སྐོར་བྲོ་འཁྲབ་སྟེ་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་ལེན་ཀྱིན་ཡོད། ཉེ་བའི་ལོ་ཤས་ཀྱི་རིང་ལ་ཆབ་མདོ་ས་ཁུལ་གྱིས་རྒུན་འབྲུམ་དང་ཀུ་ཤུ་སོགས་དཔལ་འབྱོར་འདེབས་འཛུགས་ཀྱི་ཕྱོགས་ལ་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། མིག་སྔར་རྒུན་འབྲུམ་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ3000ཙམ་ལོན་པ་དང་། རྒུན་འབྲུམ་ཐོན་ལས་ཀྱི་ལོ་རེའི་དཔལ་འབྱོར་རིན་ཐང་སྒོར་དུང་ཕྱུར200ཙམ་ཡོད་པ་དེས། རྒུན་འབྲུམ་འདེབས་མཁན་གྱི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི2ཡན་འཕར་བཞིན་ཡོད། 2020ལོར་ཞིང་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི1.5ལས་བརྒལ་ཡོད།

          ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་རིགས་ཤང་གི་ཡུལ་མི་ཚེ་རིང་དབང་འདུས་ཀྱིས་ང་ཚོའི་ཁྱིམ་ཚང་ལ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དུས་ད་ལྟ་ཟས་ཞིམ་པོ་དང་གོས་ཡག་པོ་གྱོན་ནས་ཉིན་ལྟར་བློ་བདེ་བག་ཕེབས་ཀྱིས་འཚོ་བ་རོལ་བཞིན་ཡོད། ང་ཚོ་འདི་ལྟ་བུའི་ཁོར་ཡུག་ནས་འཚོ་བཞིན་ཡོད་པས་ཧ་ཅང་དགའ་ཞིང་སྐྱིད་ཅེས་བཤད།
          གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་སྐྱིད་འཕེལ་གླིང་སྡེ་ཁུལ་གྱིས་ཀྱང་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་ཞིག་འཁྲབ་སྟོན་བྱས་པ་རེད།

          གཞིས་ཀ་རྩེ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གི་འགོ་བ་བཟང་པོ་ལགས་ཀྱིས། “ཡར་ལངས་ཞིང་བྲན་རྣམས་ཀྱིས་བསྟོད་གླུ་ལེན་ཞིང་ནམ་ཡང་གུང་ཁྲན་ཏང་གི་རྗེས་སུ་འབྲངས”ཞེས་པའི་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི། བོད་ལྗོངས་ཀྱི་འཚོ་བ་གསར་པ་དང་། སྲིད་ཇུས་བཟང་པོ། གྲུབ་འབྲས་གསར་པ་བཅས་རིག་རྩལ་འཁྲབ་སྟོན་གྱི་རྣམ་པ་ལ་བརྟེན་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་འགྲེམ་སྟོན་བྱ་རྒྱུ་དེ་ཡིན་ཟེར། 
          ལོ་ངོ62ཀྱི་གོང་ལ་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་འོག་བོད་ལྗོངས་སུ་གཞི་རྒྱ་ཆེ་བའི་དམངས་གཙོའི་བཅོས་བསྒྱུར་བྱས་ཏེ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བ་དང་། ཞིང་བྲན་ཁྲི་ཚོ་བརྒྱར་རང་ཁྱིམ་རང་བདག་གི་དབང་ཆ་ཐེངས་དང་པོ་ཐོབ་པར་གྱུར། ལོ62ཀྱི་རིང་དུ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་དེ། ས་གནས་ཀྱི་ཐོན་སྐྱེད་བསྡོམས་འབོར1959ལོའི་སྒོར་དུང་ཕྱུར1.74ནས2020ལོའི་བར་སྒོར་དུང་ཕྱུར1900ལྷག་མང་དུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
          ད་ཆའི་བོད་ལྗོངས་སུ་ལྕགས་ལམ་དང་མཁའ་འགྲུལ། གཞུང་ལམ་བཅས་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་ཡོད་ཅིང་། ཆུ་གློག་དྲ་རྒྱ་བཅས་ཀྱང་ཁྱིམ་ཚང་ཡོངས་ལ་ཁྱབ་ཡོད། ཐུམ་འབུའི་ནད་སོགས་ས་གནས་ཀྱི་ནད་གཞི་དེ་ལོ་རྒྱུས་རང་བཞིན་གྱིས་མེད་པར་བཟོས་པ་དང་།  མཐོ་ཚད་རྒྱ་མཚོའི་ངོས་ལས་་སྨི4800ཡན་ན་འཚོ་བའི་བོད་བྱང་ཐང་གི་མང་ཚོགས་རྣམས་ཀྱང་མཐོ་སྒང་གི་སྐྱེ་ཁམས་གནས་སྤོ་ལ་བརྟེན་ནས་“ཚེ་སྲོག་གི་བཀག་སྡོམ་ཁུལ”ལས་ཐར་ཏེ། བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་དེ་ལོ35.5ནས་ལོ71.1བར་བསྲིངས་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།